Skip to main content Skip to search
ba so lha dbang chos kyi rgyal mtshan
ID:
T237327
  • བ་སོ་ལྷ་དབང་ཆོས་ཀྱི་རྒྱལ་མཚན (Tibetan, Tibetan script, Original)
    • > ba so lha dbang chos kyi rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ba so lhawang chö kyi gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མདོ་སྨད་ཁུལ་དུ་རབ་བྱུང་དགུ་པའི་མེ་བྱ་༡༥༣༧ལོར་འཁྲུངས་། ཆུང་ངུའི་དུས་མཚན་ཆོས་སྐྱོང་མགོན་པོ་དང་དཔའ་བོ་རྡོ་རྗེ་ཡང་ཞུ་། དགུང་ལོ་བདུན་ལ་ཕེབས་སྐབས་ཡབ་ཡུམ་ལ་རབ་ཏུ་བྱུང་དགོས་པའི་ཞུ་བ་གསོལ་། བླ་མ་ཀུན་དགའ་བཟང་པོ་དགེ་རྒན་དུ་བསྟེན་ནས་ཆོས་སྤྱོད་སོགས་འཛིན་སྐྱོར་མཛད། དགུང་ལོ་བཅུ་གཉིས་ཐོག་རྒྱལ་བ་དམ་པ་འཕགས་པ་སངས་རྒྱས་ཀྱི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས་། མཚན་ལྷ་དབང་ཆོས་ཀྱི་རྒྱལ་མཚན་དུ་གསོལ་ནས་སྒར་ཐོག་དགོན་གྱི་ཆོས་གྲྭར་བཞུགས། སྤྱོད་འཇུག་དང་། བློ་སྦྱོང་སོགས་གསན་བསམ་མཛད། དགུང་ལོ་ཉེར་གཅིག་ཐོག་དབུས་སུ་ཕེབས་ཏེ་གསང་ཕུ་སོགས་ལ་ལོ་བཅུ་གཅིག་རིང་བཞུགས་ནས་གཞུང་བཀའ་པོད་ལྔར་ཐུགས་གཉེར་མཛད། རྒྱལ་བ་བསོད་ནམས་རྒྱ་མཚོ་མཇལ་བར་འབྲས་སྤུངས་སུ་ཕེབས་ཏེ་དམ་པའི་ཆོས་ཀྱི་བདུད་རྩི་ཐོབ།དགུང་ལོ་སོ་བཞིའི་ཐོག་རང་ཡུལ་དུ་ཕྱིར་ཕེབས། དགུང་ལོ་ཞེ་གཅིག་ཆུ་འབྲུག་ལོར་ཆབ་མདོ་བྱམས་པ་གླིང་དགོན་གྱི་ཁྲིར་བཞུགས། ཕྱོགས་དེའི་འདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་བཟང་དུ་བཀོད། གསུང་རྩོམ་རྟ་མཆོག་རྒྱལ་པོའི་སྒྲུབ་ཐབས་མདོར་བསྟུས། དཔལ་གསང་བ་འདུས་པའི་སྨོན་ལམ་གྱི་ཚིག་དོན་ཅུང་ཟད་མཆན་གྱི་སྒོ་ནས་གསལ་བར་བྱེད་པ། རང་གཞན་དོན་གཉིས་སྒྲུབ་ཚུལ་མདོར་བསྡུས། རྗེ་བཙུན་བློ་བཟང་གྲགས་པའི་རྣམ་ཐར་མདོར་བསྡུས་སོགས་མང་དུ་མཛད། དགུང་ལོ་རེ་དགུ་ལ་ཕེབས་པ་རབ་བྱུང་བཅུ་པའི་ཤིང་སྦྲུལ་༡༦༠༥ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

མདོ་སྨད་ཁུལ་དུ་རབ་བྱུང་དགུ་པའི་མེ་བྱ (༡༥༣༧) ལོར་འཁྲུངས། ཆུང་ངུའི་དུས་མཚན་ཆོས་སྐྱོང་མགོན་པོ་དང་དཔའ་བོ་རྡོ་རྗེ་ཡང་ཞུ། དགུང་ལོ་བདུན་ལ་ཕེབས་སྐབས་ཡབ་ཡུམ་ལ་རབ་ཏུ་བྱུང་དགོས་པའི་ཞུ་བ་གསོལ། བླ་མ་ཀུན་དགའ་བཟང་པོ་དགེ་རྒན་དུ་བསྟེན་ནས་ཆོས་སྤྱོད་སོགས་འཛིན་སྐྱོར་མཛད། དགུང་ལོ་བཅུ་གཉིས་ཐོག་རྒྱལ་བ་དམ་པ་འཕགས་པ་སངས་རྒྱས་ཀྱི་དྲུང་དུ་རབ་སྡོམ་པ་བཞེས། མཚན་ལྷ་དབང་ཆོས་ཀྱི་རྒྱལ་མཚན་དུ་གསོལ་ནས་སྒར་ཐོག་དགོན་གྱི་ཆོས་གྲྭར་བཞུགས། སྤྱོད་འཇུག་དང་། བློ་སྦྱོང་སོགས་གསན་བསམ་མཛད། དགུང་ལོ་ཉེར་གཅིག་ཐོག་དབུས་སུ་ཕེབས་ཏེ་གསང་ཕུ་སོགས་ལ་ལོ་བཅུ་གཅིག་རིང་བཞུགས་ནས་གཞུང་ཆེན་བཀའ་པོད་ལྔར་ཐུགས་གཉེར་མཛད། རྒྱལ་བ་བསོད་ནམས་རྒྱ་མཚོ་མཇལ་བར་འབྲས་སྤུངས་སུ་ཕེབས་ཏེ་དམ་པའི་ཆོས་ཀྱི་བདུད་རྩི་ཐོབ། དགུང་ལོ་སོ་བཞིའི་ཐོག་རང་ཡུལ་དུ་ཕྱིར་ཕེབས། དགུང་ལོ་ཞེ་གཅིག་ཆུ་འབྲུག་ལོར་ཆབ་མདོ་བྱམས་པ་གླིང་དགོན་གྱི་ཁྲིར་བཞུགས། ཕྱོགས་དེའི་འདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་བཟང་དུ་བཀོད། གསུང་རྩོམ་རྟ་མཆོག་རྒྱལ་པོའི་སྒྲུབ་ཐབས་མདོར་བསྡུས། དཔལ་གསང་བ་འདུས་པའི་སྨོན་ལམ་གྱི་ཚིག་དོན་ཅུང་ཟད་མཆན་གྱི་སྒོ་ནས་གསལ་བར་བྱེད་པ། རང་གཞན་དོན་གཉིས་སྒྲུབ་ཚུལ་མདོར་བསྡུས། རྗེ་བཙུན་བློ་བཟང་གྲགས་པའི་རྣམ་ཐར་མདོར་བསྡུས་སོགས་མང་དུ་མཛད། དགུང་ལོ་རེ་དགུ་ལ་ཕེབས་པ་རབ་བྱུང་བཅུ་པའི་ཤིང་སྦྲུལ་ (༡༦༠༥) ལོར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་དགུ་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ 1537 ལོར་མདོ་སྨད་ཁུལ་དུ་སྐུ་འཁྲུངས། རབ་བྱུང་བཅུ་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1605 ལོར་སྐུ་གཤེགས། ཁོང་དགུང་ལོ་བདུན་པར་ཡབ་ཡུམ་གཉིས་ལ་རབ་ཏུ་བྱུང་དགོས་པའི་ཞུ་བ་གསོལ། བླ་མ་ཀུན་དགའ་བཟང་པོ་སློབ་དཔོན་དུ་བསྟེན་ནས་ཆོས་སྤྱོད་སོགས་ཐུགས་འཛིན་གནང་། དགུང་ལོ་བཅུ་གཉིས་པར་རྒྱལ་བ་དམ་པ་འཕགས་པ་སངས་རྒྱས་ལས་རབ་བྱུང་བསྒྲུབས་ཤིང་མཚན་ལ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ་ནས་སྒར་ཐོག་དགོན་གྱི་ཆོས་གྲྭར་ཞུགས། དགུང་ལོ་ཉེར་གཅིག་པར་དབུས་སུ་ཕེབས་ཏེ་གསང་ཕུ་སོགས་ལ་ལོ་བཅུ་གཅིག་རིང་དུ་བཞུགས་ནས་གཞུང་ཆེན་བཀའ་པོད་ལྔར་ཐུགས་གཉེར་མཛད། གངས་ཅན་མགོན་པོ་རྒྱལ་བ་བསོད་ནམས་རྒྱ་མཚོ་མཇལ་བར་འབྲས་སྤུངས་སུ་ཕེབས་ཏེ་དམ་པའི་ཆོས་ཀྱི་བདུད་རྩི་ཐོབ། དགུང་ལོ་སུམ་ཅུ་སོ་བཞི་པར་རང་ཡུལ་དུ་ཕྱིར་ཕེབས། དགུང་ལོ་བཞི་བཅུ་ཞེ་བཞི་པ་རབ་བྱུང་བཅུ་པའི་ལྕགས་ཕོ་འབྲུག་ལོ་སྟེ་སྤྱི་[1081]ལོ 1580 ལོར་ཆབ་མདོ་བྱམས་པ་གླིང་གི་གདན་སའི་ཁྲི་ལ་ཕེབས་ནས་ཆོས་སྲིད་གཉིས་ཀྱིས་སྡེ་དགོན་བསྐྱངས། དགུང་ལོ་རེ་དགུ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་ཡོངས་སུ་གྲགས་པའི་མཚན་གཞན་ལ་རྗེ་དྲུང་ལྷ་དབང་ཆོས་ཀྱི་རྒྱལ་མཚན་ཞེས་ཞུའོ། ཁོང་གི་གསུང་རྩོམ་ནི་སྙན་ངག་དང་། ཆབ་ཤོག རྣམ་ཐར། སྒྲུབ་ཐབས། དྲིས་ལན། རྗེས་གནང་བཅས་བྲིས་མ་པོད་གཅིག་བཞུགས་སོ། །

language:
Tibetan