Skip to main content Skip to search
bag med pa'i gnas kyi nyes dmigs sum cu so lnga
ID:
T237336
  • བག་མེད་པའི་གནས་ཀྱི་ཉེས་དམིགས་སུམ་ཅུ་སོ་ལྔ (Tibetan, Tibetan script, Original)
    • > bag med pa'i gnas kyi nyes dmigs sum cu so lnga (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bakmepé né kyi nyemik sumchu so nga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དགའ་བ་ཅན་གྱིས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་གསུངས་པ། དགའ་བ་ཅན་འབྲུའི་ཆང་དང་བཅོས་པའི་ཆང་བག་མེད་པའི་གནས་ཀྱི་ཉེས་དམིགས་སུམ་ཅུ་སོ་ལྔ་ནི། འདི་དག་ཡིན་པས་རིག་པར་བྱ་སྟེ། སུམ་ཅུ་སོ་ལྔ་པོ་དེ་གང་ཞེ་ན། ༡ཚེ་འདི་ལ་ནོར་ཟད་པ་དང་། ༢.ནད་རྣམས་རྒྱལ་བར་བྱེད་པ་དང་། ༣.འཐབ་པ་དང་རྩོད་པ་བསྐྱེད་པར་བྱེད་པ་དང་། ༤.དོན་མེད་པ་ལ་ལྟ་བ་དང་། ༥.གྲགས་པ་མ་ཡིན་ཀུན་བབྱུང་བར་བྱེད་པ་དང་། ༦.ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། ༧.ལོངས་སྤྱོད་འཐོབ་པ་མི་འཐོབ་པར་འགྱུར་བ་། ༨.ལོངས་སྤྱོད་ཐོབ་པ་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུག་པར་འགྱུར་བ་དང་། ༩.གསང་མི་ཐུབ་པར་འགྱུར་བ་དང་། ༡༠.དེའི་ལས་ཀྱི་མཐའ་ཡོངས་སུ་འགྲིབ་པ་དང་། ༡༡.མཐུ་སྟོབས་ཆུང་ངུར་བྱེད་པར་འགྱུར་བ་དང་། ༡༢.མར་མི་འཛིན་པར་འགྱུར་བ་དང་། ༡༣.ཕར་མི་འཛིན་པར་འགྱུར་བ་དང། ༡༤.དགེ་སྦྱོང་དུ་མི་འཛིན་པར་འགྱུར་བ་དང་། ༡༥.བྲམ་ཟེར་མི་འཛིན་པར་འགྱུར་བ་དང་། ༡༦.རིགས་ཀྱི་གཙོ་བོ་ལ་བསྙེན་བསྐུར་མི་བྱེད་པར་འགྱུར་བ་དང་། ༡༧.སངས་རྒྱས་མི་གུས་པར་འགྱུར་བ་དང་། ༡༨.ཆོས་མི་གུས་པར་འགྱུར་བ་དང་། ༡༩.དགེ་འདུན་ལ་མི་གུས་པར་འགྱུར་བ་དང། ༢༠བསླབ་པ་ཡང་དག་པར་བླངས་པ་ལ་མ་གུས་པར་འགྱུར་བ་དང་། ༢༡.ཚུལ་ཁྲིམས་འཆལ་བར་འགྱུར་བ་དང་ ༢༢.དབང་པོའི་སྒོ་མ་བསྡམས་པར་འགྱུར་བ་དང་། ༢༣བག་མེད་པ་ལ་བུད་མེད་དོན་དུ་གཉེར་བར་འགྱུར་བ་དང། ༢༤.ཉེ་དུ་སྣག་གི་གཉེན་མཚམས་དང་མཛའ་བཤེས་དང་སློབ་དཔོན་དང་། ༢༥.སྐྱེ་བོ་མང་པོ་དག་གིས་ཡིད་དུ་མི་འོང་བར་འགྱུར་བ་དང་། ༢༦.སྐྱེ་བོ་མང་པོ་དག་དང་མི་མཐུན་པར་འགྱུར་བ་དང། ༢༧.ས་མ་ཡིན་པ་ལ་སྤྱོད་པར་འགྱུར་བ་དང་། ༢༨.ཆོས་མ་ཡིན་པ་ཡོངས་སུ་འཛིན་པར་འགྱུར་བ་དང་། ༢༩.དམ་པའི་ཆོས་ཡོངས་སུ་སྤོང་བར་འགྱུར་བ་དང་། ༣༠.ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་སྤོང་བར་འགྱུར་བ་དང་། ༣༡.དེ་མི་མཛའ་བ་དག་དང་གནས་ཀྱང་མཁས་པ་རྣམས་ལ་ཡོངས་སུ་འདྲི་བར་མི་སེམས་པ་དང་། ༣༢.བག་མེད་ཉམས་བག་ཏུ་སྤྱོད་པ་འགྱུར་བ་དང་། ༣༣.དེ་བཞིན་གཤེགས་པའི་གསུང་རབ་ལ་ཀུན་ནས་མི་གནས་པ་དང་། ༣༤.མྱ་ངན་ལས་འདས་པ་ལ་ཐག་རིང་དུ་འགྱུར་བ་དང་། ༣༥.སྨྱོན་པར་འགྱུར་བའི་ལས་བྱས་ཤིང་བག་ཆགས་པས་ལུས་ཞིག་ནས་ངན་སོང་ངན་འགྲོ་ལོག་པར་ལྷུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་།གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་། དེ་དག་དང་གང་དུ་སྐྱེ་བ་དེ་དང་དེར་སྨྱོན་པར་འགྱུར་ཞིང་དྲན་པ་མི་གསལ་བར་གྱུར་ཏེ། དགའ་བ་འབྲུའི་ཆང་དང་འཅོས་པའི་ཆང་བག་མེད་པའི་གནས་ཀྱི་ཉེས་དམིགས་ནི་སུམ་ཅུ་རྩ་ལྔ་པོ་འདི་ཡིན་པར་རིག་པར་བྱའོ་ཞེས་གསུངས་སོ་། །ཡང་མདོ་དྲན་པ་ཉེར་བཞག་ལས་།ཆང་གིས་གཡེང་བའི་མི་དག་ནི་། །གསོན་ཡང་ཤི་བ་དག་དང་མཚུངས་། །ཅེས་དང་།དགེ་སྡིག་རྣམ་པར་འབྱེད་པའི་མདོ་ལས་། ཚེ་འདི་ལ་ཆང་འཐུང་ཞིང་མྱོས་པ་ནི། ཟངས་ཁུ་འཐུང་བའི་དམྱལ་བར་ལྷུང་ངོ་། །ཞེས་སོ་། །

language:
Tibetan

2. Thupten Phuntsok Dictionary

དགའ་བ་ཅན་གྱིས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་གསུངས་པ། དགའ་བ་ཅན་འབྲུའི་ཆང་དང་བཅོས་པའི་ཆང་བག་མེད་པའི་གནས་ཀྱི་ཉེས་དམིགས་སུམ་ཅུ་སོ་ལྔ་ནི། འདི་དག་ཡིན་པས་རིག་པར་བྱ་སྟེ། ༡ཚེ་འདི་ལ་ནོར་ཟད་པ་དང་། ༢ ནད་རྣམས་རྒྱལ་བར་བྱེད་པ་དང་། ༣ འཐབ་པ་དང་རྩོད་པ་བསྐྱེད་པར་བྱེད་པ་དང་། ༤ དོན་མེད་པ་ལ་ལྟ་བ་དང་། ༥ གྲགས་པ་མ་ཡིན་ཀུན་འབྱུང་བར་བྱེད་པ་དང་། ༦ ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། ༧ལོངས་སྤྱོད་འཐོབ་པ་མི་འཐོབ་པར་འགྱུར་བ་དང་། ༨ ལོངས་སྤྱོད་ཐོབ་པ་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུག་པར་འགྱུར་བ་དང་། ༩ གསང་མི་ཐུབ་པར་འགྱུར་བ་དང་། ༡༠ དེའི་ལས་ཀྱི་མཐའ་ཡོངས་སུ་འགྲིབ་པ་དང་། ༡༡མཐུ་སྟོབས་ཆུང་ངུར་བྱེད་པར་འགྱུར་བ་དང་། ༡༢ མར་མི་འཛིན་པར་འགྱུར་བ་དང་། ༡༣ ཕར་མི་འཛིན་པར་འགྱུར་བ་དང་། ༡༤ དགེ་སྦྱོང་དུ་མི་འཛིན་པར་འགྱུར་བ་དང་། ༡༥ བྲམ་ཟེར་མི་འཛིན་པར་འགྱུར་བ་དང་། ༡༦ རིགས་ཀྱི་གཙོ་བོ་ལ་བསྙེན་བསྐུར་མི་བྱེད་པར་འགྱུར་བ་དང་། ༡༧ སངས་རྒྱས་ལ་མི་གུས་པར་འགྱུར་བ་དང་། ༡༨ ཆོས་ལ་མི་གུས་པར་འགྱུར་བ་དང་། ༡༩ དགེ་འདུན་ལ་མི་གུས་པར་འགྱུར་བ་དང་། ༢༠ བསླབ་པ་ཡང་དག་པར་བླངས་པ་ལ་མ་གུས་པར་འགྱུར་བ་དང་། ༢༡ཚུལ་ཁྲིམས་འཆལ་བར་འགྱུར་བ་དང་། ༢༢ དབང་པོའི་སྒོ་མ་བསྡམས་པར་འགྱུར་བ་དང་། ༢༣ བག་མེད་པ་ལ་བུད་མེད་དོན་དུ་གཉེར་བར་འགྱུར་བ་དང་། ༢༤ ཉེ་དུ་སྣག་གི་གཉེན་མཚམས་དང་མཛའ་བཤེས་དང་སློབ་དཔོན་དག་གིས་སྤོང་བར་འགྱུར་བ་དང་། ༢༥ སྐྱེ་བོ་མང་པོ་དག་གིས་ཡིད་དུ་མི་འོང་བར་འགྱུར་བ་དང་། ༢༦ སྐྱེ་བོ་མང་པོ་དག་དང་མི་མཐུན་པར་འགྱུར་བ་དང་། ༢༧ ཆོས་མ་ཡིན་པ་ལ་སྤྱོད་པར་འགྱུར་བ་དང་། ༢༨ ཆོས་མ་ཡིན་པ་ཡོངས་སུ་འཛིན་པར་འགྱུར་བ་དང་། ༢༩ དམ་པའི་ཆོས་ཡོངས་སུ་སྤོང་བར་འགྱུར་བ་དང་། ༣༠ ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་སྤོང་བར་འགྱུར་བ་དང་། ༣༡དེ་མི་མཛའ་བ་དག་དང་གནས་ཀྱང་མཁས་པ་རྣམས་ལ་ཡོངས་སུ་འདྲི་བར་མི་སེམས་པ་དང་། ༣༢ བག་མེད་ཉམས་བག་ཏུ་སྤྱོད་པ་འགྱུར་བ་དང་། ༣༣ དེ་བཞིན་གཤེགས་པའི་གསུང་རབ་ལ་ཀུན་ནས་མི་གནས་པ་དང་། ༣༤ མྱ་ངན་ལས་འདས་པ་ལ་ཐག་རིང་དུ་འགྱུར་བ་དང་། ༣༥ སྨྱོན་པར་འགྱུར་བའི་ལས་བྱས་ཤིང་བག་ཆགས་པས་ལུས་ཞིག་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་། དེ་དག་དང་གང་དུ་སྐྱེ་བ་དེ་དང་དེར་སྨྱོན་པར་འགྱུར་ཞིང་དྲན་པ་མི་གསལ་བར་གྱུར་ཏེ། དགའ་བ་འབྲུའི་ཆང་དང་བཅོས་པའི་ཆང་བག་མེད་པའི་གནས་ཀྱི་ཉེས་དམིགས་ནི་སུམ་ཅུ་རྩ་ལྔ་པོ་འདི་ཡིན་པར་རིག་པར་བྱའོ་ཞེས་གསུངས་སོ། །

language:
Tibetan