Skip to main content Skip to search
bad kan grum bu dkar po
ID:
T237373
  • བད་ཀན་གྲུམ་བུ་དཀར་པོ (Tibetan, Tibetan script, Original)
    • > bad kan grum bu dkar po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > beken drum bu karpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ནད་ཀྱི་རྟགས་ལ་བལྟོས་ནས་བཏགས་པའི་བད་ཀན་རང་རྒྱུད་ཅན་གྱི་ནད་རིགས་དྲུག་གི་ཡ་གྱལ་ཉྭ་གཞི་དང་ཚིགས་མིག་ན་བའི་ནད་ཀྱི་མིང་སྟེ། མན་ངག་ཡོན་ཏན་རྒྱུད་ལས། བད་ཀན་གྲུམ་བུ་དཀར་པོ་ཞེས་བྱ་བ། མ་ཞུ་རང་གནས་བད་ཀན་འཕེལ་བ་ཡི། །ཕོ་བ་མཆིན་པ་གང་ཡིན་ཆ་མེད་ན། །ཁ་ཟས་ཅི་ཟོས་མི་ཞིམ་འཁྲུ་སྐྱུག་བྱེད། །ཉྭ་གཞི་མིག་རུས་ན་ཞིང་ཆུ་ཚན་འབྱུང་། །མཇུག་ཏུ་ཡན་ལག་ལ་བྱེར་གྲུམ་བུར་འགྱུར། །ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། བད་ཀན་གྲུམ་བུ་དཀར་པོ་ནི། ནད་རྟགས་གྲུམ་བུ་དང་ཆ་འདྲ་ཞིང་མཐར་ལྡོག་རྒྱུའི་དབང་གིས་གྲུམ་བུར་འགྱུར་ཉེན་ཆེ་བ་དང་། ངོ་བོ་གྲང་བའི་ཁམས་འཕེལ་བ་ལས་གཉན་ཚད་ཀྱི་ཆ་ཤས་ཙམ་མ་འདྲེས་པས་དེར་གྲུམ་བུ་དཀར་པོ་ཞེས་བཏགས་པའོ། །ཞེས་གསུངས་པ་ལྟར་རོ། །

language:
Tibetan