- bad kan lnga por nad du gyur tshul
- ID:
- T237380
- བད་ཀན་ལྔ་པོར་ནད་དུ་གྱུར་ཚུལ (Tibetan, Tibetan script, Original)
- > bad kan lnga por nad du gyur tshul (Tibetan, Latin script, Transliteration-THL Extended Wylie Transliteration)
- > beken ngapor né du gyur tsul (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཅིག བད་ཀན་རྟེན་བྱེད་ནད་དུ་གྱུར་ན། དང་ག་མི་བདེ། སྟོད་བརྒྱངས། མདུན་རྒྱབ་གཟེར། བྲང་ཚ་ཞིང་ཆུ་ཚ་སྐྱུར་ཅན་སྐྱུག་པ། གཉིས། བད་ཀན་མྱག་བྱེད་ནད་དུ་གྱུར་ན། ཁ་ཟས་འཇུ་དཀའ་ཞིང་ལུས་ཀྱིས་བཅུད་མི་ལེན་པ་དང་། ཟས་ཟོས་པ་རྣམས་མི་འཇུ་ཞིང་སྒྲེག་པ་བྱེད་ཅིང་ཕོ་བ་གྱོང་པོར་ཆགས་པ། གསུམ། བད་ཀན་མྱོང་བྱེད་ནད་དུ་གྱུར་ན། ཟས་སྐོམ་ཐམས་ཅད་ལ་བྲོ་བ་མེད་པ། སྐོམ་དད་ཆུང་བ། ལྕེ་གྲང་མོར་ཆགས་པ། མཆུ་ན་བ། སྐད་འཛེར། ཟས་མི་ལེན། བཞི། བད་ཀན་ཚིམ་བྱེད་ནད་དུ་གྱུར་ན། མགོ་བོ་འཁྱོམ། མིག་ཟ་ཟི་བྱེད་པ། རྣ་བ་འགགས་ཏེ་སྒྲ་མི་ཚོར། སྦྲིད་པ་མང་། སྣབས་མང་། ཆམ་པ་ཡང་ཡང་ཕོག མཚོག་མ་ལྕི། ལྔ། བད་ཀན་འབྱོར་བྱེད་ནད་དུ་གྱུར་ན། རྐང་ལག་རྣམས་བརྐྱངས་བསྐུམ་དཀའ་བ། ཚིགས་མགོ་སྦོམ་པོར་ཆགས་པ། རྐང་ལག་གི་ལྷུ་ཚིགས་རྣམས་ན་ཞིང་ཚིགས་ཁ་སྐྲངས་པ། དེ་ལྟར་བད་ཀན་གྱི་དབྱེ་བ་ལྔ་པོ་དག་རླུང་དང་མཁྲིས་པ་གང་དང་གང་འདྲེས་ཀྱང་། དེ་དང་དེའི་རྟགས་རྣམས་སོ་སོར་སྟོན་པ་ལས་ཤེས་པར་བྱ་དགོས།
- language:
- Tibetan