Skip to main content Skip to search
bad kan rten byed
ID:
T237384
  • བད་ཀན་རྟེན་བྱེད (Tibetan, Tibetan script, Original)
    • > bad kan rten byed (Tibetan, Latin script, Transliteration-THL Extended Wylie Transliteration)
    • > beken ten jé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བྱེད་ལས་ལ་བལྟོས་ནས་བཏགས་པའི་ལུས་ཀྱི་རྩ་བའི་བད་ཀན་ལྔའི་ཡ་གྱལ་བྲང་གི་ཆར་གནས་པའི་བད་ཀན་གྱི་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་བཻ་ཌཱུར་སྔོན་པོ་ལས། བད་ཀན་རྟེན་བྱེད་ཅེས་བྱ་བ་ནི་བྲང་ལ་གནས་པ་སྟེ། ལས་ནི་ལྷག་མ་མྱག་བྱེད་ལ་སོགས་པ་རྣམས་ཀྱི་རྟེན་བྱེད་པ་དང་། ཁྱད་པར་དུ་མ་འཐུངས་ཀྱང་ངོམས་པ་ཆུ་དང་མཐུན་པའི་ལས་བྱེད་པ་ཡིན་ནོ། །ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། བད་ཀན་རྟེན་བྱེད་ཅེས་བྱ་བ་ནི་བད་ཀན་གཞན་མྱག་བྱེད་དང་། མྱོང་བྱེད་དང་། ཚིམ་བྱེད་དང་། འབྱོར་བྱེད་དང་བཅས་རྣམས་ཀྱི་རྟེན་ལྟ་བུ་དང་ཆུ་དང་མཐུན་པའི་ལས་བྱེད་པས་ན་རྟེན་བྱེད།

language:
Tibetan