Skip to main content Skip to search
bad kan spyi'i rkyen bzhi
ID:
T237387
  • བད་ཀན་སྤྱིའི་རྐྱེན་བཞི (Tibetan, Tibetan script, Original)
    • > bad kan spyi'i rkyen bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
    • > beken chi kyen shyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

(1) རྟེན་གྱི་མི་འཇུ་བ་ནི། རང་བཞིན་གྲང་རླུང་ཅན་གྱི་མི། ཟུངས་ངན་ཤ་སྐམ་ཅན། བཅུད་མེད་པའི་ཁ་ཟས་སྐྱ་བ་ཅན་ཟ་མཁན། དལ་བར་འདུན་མཁན། མྱ་ངན་དང་སེམས་ལས་ཀྱིས་ལུས་སེམས་དུབ་པ། ལོ་ན་རྒས་པ། ལྟོགས་པས་མནར་ཤུལ་དུ་ཟས་གསར་པ་འཇུ་མི་ནུས་པའི་ལུས་རྟེན་ཅན། (2) མ་གོམས་པས་མི་འཇུ་བ་ནི། དུས་ནམ་ཕྱེད་དུ་ཁ་ཟས་ཟ་མ་མྱོང་བའི་རིགས་ཟ་བ། (3)མི་འཕྲོད་པས་མི་འཇུ་བ་ནི། ཞོ་དང་དར་བ་ལྟ་བུ་དཀར་སྐྱུ་དང་། སྔོ་ངད། འོ་མ། ཉ་ཤ་རྣམས་སྔ་བ་མ་ཞུ་བའི་སྟེང་དུ་ཕྱི་མ་ཟོས་པ་དང་། ཡང་ན་དེ་དག་བསྲེས་ནས་ཟོས་པས་མི་འཕྲོད་ཅིང་འཇུག་དཀའ་བའི་རིགས་སོ། །(4)ངོ་བོ་མི་འཇུ་བ་ནི། འཚོས་པ་དང་། འཚིག་པ་དང་། ཁེང་པོའི་རིགས་དང་། ཐུག་པ་སོགས་ལ་ཆུ་གྲང་བསྲེས་ཏེ་སླར་མ་བསྐོལ་བའི་ཟས་རིགས་རྣམས། དུས་ངེས་གཏན་མེད་པར་དང་། ཟས་ཚོད་མེད་པར་ཟོས་ན་ཧ་ཅང་འཇུ་དཀའ་བ་ཡིན། དེ་ལྟ་བུའི་རྟེན་བཞི་པོ་ནི་གཤམ་གྱི་ནད་རྣམས་ཀྱི་སློང་རྐྱེན་ཡིན།

language:
Tibetan