Skip to main content Skip to search
bad kan 'byor byed
ID:
T237388
  • བད་ཀན་འབྱོར་བྱེད (Tibetan, Tibetan script, Original)
    • > bad kan 'byor byed (Tibetan, Latin script, Transliteration-THL Extended Wylie Transliteration)
    • > beken jor jé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བྱེད་ལས་ལ་བལྟོས་ནས་བཏགས་པའི་ལུས་ཀྱི་རྩ་བའི་བད་ཀན་ལྔའི་ཡ་གྱལ་ཚིགས་མིག་གི་ཆར་གནས་པའི་བད་ཀན་གྱི་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་བཻ་ཌཱུར་སྔོན་པོ་ལས། བད་ཀན་འབྱོར་བྱེད་ཅེས་བྱ་བ་ནི། ལུས་ཀྱི་ཚིགས་པའི་ཆ་ཤས་མ་ལུས་པའི་མིག་གམ་བར་མཚམས་ཀུན་ལ་གནས་ནས། ལས་ནི་ཚིགས་པ་རྣམས་ཕན་ཚུན་འབྱོར་བར་བྱེད་ཅིང་། དེ་རྣམས་ཀྱི་མཚམས་ལ་བརྐྱང་པ་དང་བསྐུམ་པའི་བྱ་བ་ཡང་བྱེད་པ་ཡིན་ནོ། །ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། བད་ཀན་འབྱོར་བྱེད་ནི། ལུས་ཀྱི་ཚིགས་མིག་བར་ན་ཡོད་པའི་ཆུ་སེར་ཏེ། དེས་ཚིགས་ཕན་ཚུན་རྣམས་འབྱོར་བར་བྱེད་པས་ན་འབྱོར་བྱེད། ཅེས་གསུངས།

language:
Tibetan