- bad kan mid 'chus
- ID:
- T237391
- བད་ཀན་མིད་འཆུས (Tibetan, Tibetan script, Original)
- > bad kan mid 'chus (Tibetan, Latin script, Transliteration-THL Extended Wylie Transliteration)
- > beken mi chü (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རིགས་ཀྱི་སྒོ་ནས་དབྱེ་བའི་བད་ཀན་གྱི་ནད་རིགས་དྲུག་གི་ཡ་གྱལ་མིད་པའི་སྦུབས་སུ་བེ་སྣབས་ཆགས་ནས་མིད་པ་འཆུས་ཤིང་ཟས་སྐོམ་མི་ཐར་བ་འགགས་པར་གྱུར་པའི་ནད་ཀྱི་མིང་སྟེ། རྗེ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད་པའི་མན་ངག་བྱེ་བ་རིང་བསྲེལ་ལས། མིད་འཆུས་བྱུང་བའི་མངོན་ཚུལ་ནི། འཇུ་བྱེད་མཐུ་ཉམས་ཟས་མི་ཞུ། །མཉམ་གནས་རླུང་གིས་མ་ཕྱེད་པས། །མྱག་བྱེད་དག་གིས་ཟས་མ་འདྲུལ། །བད་ཀན་བེ་སྣབས་ཕོ་བ་དང་། །བྲང་དང་གློ་ཡུ་རྣམས་སུ་བསགས། །རླངས་པ་སྤྲིན་དང་ན་བུན་འདྲ། །མིད་པའི་སྦུབས་སུ་ཆགས་པ་ལས། །ཟིལ་པ་བེ་སྣབས་མགུལ་པར་འབྱུང་། །དཔེར་ན་ཕྱུག་པོའི་ཞོ་སྐྱོགས་ལ། །ཟོ་ཤེ་ཆགས་པ་ལྟ་བུའམ། །འོག་ཏུ་མེ་བཏང་སྟེང་ཁང་ལ། །དུ་བ་ཆགས་པ་ལྟ་བུ་ཡོད། །དེ་རྟགས་ལུས་ཀྱི་མཐུ་ཉམས་ཤིང་། །ཤ་དང་ཟས་སྐོམ་མིད་པ་དཀའ། །དབུགས་ཀྱི་འདྲེན་རྔུབས་དཀའ་བ་ཡིན། །མ་བཅོས་ཐ་མ་སུབས་ནས་འཆི། །དབུགས་ཀྱི་འདྲེན་རྔུབས་དཀའ་བ་ན། །མགུལ་པ་འགགས་པ་ཞེས་བྱ་ཡིན། །ཟས་སྐོམ་འཁྲིས་ཤིང་མི་ཐར་བས། །མིད་འཆུས་སྐེ་འཆིང་ཞེས་བྱར་འདོད། ཅེས་གསུངས་པ་ལྟར་རོ། །
- language:
- Tibetan