- bad kan myong byed
- ID:
- T237392
- བད་ཀན་མྱོང་བྱེད (Tibetan, Tibetan script, Original)
- > bad kan myong byed (Tibetan, Latin script, Transliteration-THL Extended Wylie Transliteration)
- > beken nyong jé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བྱེད་ལས་ལ་བལྟོས་ནས་བཏགས་པའི་ལུས་ཀྱི་རྩ་བའི་བད་ཀན་ལྔའི་ཡ་གྱལ་ལྕེའི་ཆར་གནས་པའི་བད་ཀན་གྱི་མིང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་གྱི་འགྲེལ་པ་བཻ་ཌཱུར་སྔོན་པོ་ལས། བད་ཀན་མྱོང་བྱེད་ཅེས་བྱ་བ་ནི། ལྕེའི་དབང་པོར་གནས་ནས་རོ་དྲུག་གི་བྱེ་བྲག་རྣམས་ཚོར་ཞིང་ཉམས་སུ་མྱོང་བར་བྱེད་པ་ཡིན་ནོ། །ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། བད་ཀན་མྱོང་བྱེད་ཅེས་པ་ནི། རོ་དྲུག་གི་ཟས་སྐོམ་རྣམས་ལྕེའི་སྟེང་དུ་མྱོང་ནས་རོ་ཚོར་བར་བྱེད་པས་ན་མྱོང་བྱེད།
- language:
- Tibetan