- bad kan zhu 'khyams phyi rjes bcad pa
- ID:
- T237397
- བད་ཀན་ཞུ་འཁྱམས་ཕྱི་རྗེས་བཅད་པ (Tibetan, Tibetan script, Original)
- > bad kan zhu 'khyams phyi rjes bcad pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > beken shyu khyam chi jé chepa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
(1) བད་ཀན་གྱི་རི་ཐང་མཚམས་འབྱུང་བའི་རྒྱུ་རྐྱེན་སྤྱིར་བསྟན་པ། ནད་པ་བྱིས་པ་དང་། གདོད་ནས་བད་ཀན་སྐྱ་བོ་དང་གྲང་ཤས་ཆེ་བ། བད་ཀན་གྱི་གནས་ཏེ་མགུལ་པ་དང་། བྲང་། གློ་བ། མགོ། དྭངས་མ་ཤ་ཚིལ་སོགས་དང་། ཁྱད་པར་དུ་མ་ཞུ་བའི་གནས་ཕོ་བ་དང་། མཁལ་མ་རྣམས་ལ་ཚ་བ་འབབ་པ་དང་། ཚ་བ་མ་སྨིན་པར་གཏར་བ་དང་། བསིལ་བཅོས་བྱས་དྲགས་པ་བཅས་ཀྱིས་ཚ་བ་ལུས་ལ་བྱེར་བའི་རྐྱེན་རྣམས་འདོམ་པས། ཚད་གཞུག་མི་མངོན་པ་གྲང་རྟགས་རྣམས་ཁ་ཡར་འོང་ངོ་། ། (2) འཁྲུལ་པ་བྱེ་བྲག་ཏུ་བཤད་པ། ནད་རྟགས་ལ་རྩ་དལ་བར་འཕར། ཆུ་མདོག་སྔོ། དང་ག་འགག ལྕེ་རློན། གདོང་སྐྱ། ཁ་ཟས་འཇུ་དཀའ་བ་བཅས་གྲང་རྟགས་སྟོན་པས། ཚ་བའི་ནད་མི་མངོན་པ་བག་ལ་ཉལ་བས་གྲང་བ་དག་འཁྲུལ་སོ་ཡོད། (3)ལྟར་སྣང་རྗེས་འབྲངས་ཀྱི་འཁྲུལ་སྐྱོན་བསྟན་པ། དེ་ལ་བརྟེན་ནས་ཟས་གློད་སྔ་ན་སླར་ཚ་བའི་ནད་དུ་ལྡོག་པ་དང་། ཟས་སྡོམ་ཆེ་ན་དམུ་ཆུ་རུ་འགྱུར་བའི་ཉེན་ཁ་ཡོད། དེས་ན་ཚ་བ་ཟད་ངེས་པའི་རྟགས་མཐོང་བ་དང་དྲོད་བཅུད་ཀྱིས་ཟས་ལ་བརྟེན་ནས་ཕྱི་རྗེས་བཅད་དགོས། (4)ཁྱད་པར་ངོས་འཛིན་གྱི་བརྟག་པ་བསྟན་པ་ནི། རི་ཐང་མཚམས་དེ་ངོས་བཟུང་བའི་ཐབས་ནི། རྩ་བྱིང་ཞིང་དལ་ལ་ལྷོད་པར་འཕར། ཆུ་ཁ་སྙི་ལ་ཆུ་མདོག་སྔོ་ཞིང་ཤིན་ཏུ་དྭངས་པ། ལུས་ཧ་ཅང་གྲང་སྟེ་སྔར་གྱོན་པའི་གོས་ཀྱིས་མི་དྲོས་པ་དང་། སྐྲ་རྩ་སེང་། ཁ་ཟས་འཇུ་སྟོབས་ཆུང་། སྐོམ་དད་ཆུང་། མིག་ལྕིབས་དང་། བྲང་དང་། གསུས་པ། རྐང་འབོལ་རྣམས་སྐྲངས་འོང་བ་དེའི་དུས་ན་ཚ་བ་མེད་ངེས་པའི་རྟགས་ཡིན་པས་ཤ་ཆང་དྲོད་བཅུད་ཀྱི་ཟས་རིགས་རྣམས་ལྷུག་པར་བཏང་ཆོག
- language:
- Tibetan