- bad kan lhen
- ID:
- T237404
- བད་ཀན་ལྷེན (Tibetan, Tibetan script, Original)
- > bad kan lhen (Tibetan, Latin script, Transliteration-THL Extended Wylie Transliteration)
- > beken lhen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བད་ཀན་རང་རྒྱུད་ཅན་གྱི་ནད་རིགས་དྲུག་གི་ཡ་གྱལ་ཕོ་བའི་ནང་དུ་བེ་སྣབས་འཕེལ་ནས་ཁ་ཟས་མི་འཇུ་བའི་ནད་ཀྱི་མིང་སྟེ། མན་ངག་ཡོན་ཏན་རྒྱུད་ལས། དང་པོ་བད་ཀན་ལྷེན་ཞེས་བྱ་བ་ནི། རྟེན་དང་མ་གོམས་མི་འཕྲོད་ངོ་བོ་བཞིའི། །རྐྱེན་གྱིས་མ་ཞུ་བད་ཀན་བེ་སྣབས་འཕེལ། །བེ་སྣབས་ལྷེན་སྣའི་འོག་ཏུ་ཚོགས་པ་ལས། །ལྷེན་ཞེས་བྱ་སྟེ་ཉམས་ལ་འདྲིལ་སྙམ་བྱེད། །ལྟོང་ངེ་ན་ལ་མནན་ན་འདྲིལ་བ་མེད། །དང་ག་མི་བདེ་ཁ་ཟས་འཇུ་བ་དཀའ། །ཟོས་དུས་ན་ཞིང་ལྟོགས་ན་བདེ་བར་མངོན། །ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། བད་ཀན་ལྷེན་ནི། ཕོ་བའི་བེ་སྣབས་མང་དུ་འཕེལ་ནས་ཟས་སྐོམ་མི་འཇུ་བའི་ནད་དེ། ལྷེན་ཞེས་པ་ནི་བེ་སྣབས་ཀྱི་མིང་ཡིན་ཞིང་དེ་འཕེལ་བའི་ནད་ལ་བད་ཀན་ལྷེན་ཞེས་བརྗོད་དོ། །
- language:
- Tibetan