- ban khos gung bu ris
- ID:
- T237411
- བན་ཁོས་གུང་བུ་རིས (Tibetan, Tibetan script, Original)
- > ban khos gung bu ris (Tibetan, Latin script, Transliteration-THL Extended Wylie Transliteration)
- > ben khö gung bu ri (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྒྱ་བཟའ་ཝུན་ཁྲེན་ཀོང་ཇོས་ལྷ་སའི་ས་དཔྱད་བརྟག་སའི་ནང་བཤད་པའི་རི་ཞིག་སྟེ་། སྤྱི་ལོའི་དུས་རབས་བདུན་པའི་ནང་བཙན་པོ་སྲོང་བཙན་གྱི་བཙུན་མོ་བལ་བཟའ་ཁྲི་བཙུན་གྱིས་ལྷ་སའི་བཙུག་ལག་ཁང་གསར་བཞེངས་ལམ་ལྷོང་མ་བྱུང་བར་རྒྱ་བཟའ་ཀོང་ཇོར་རྩིས་པར་ལྷ་སའི་ས་བཀྲ་གསལ་བར་བཏོན་པའི་ནང་ཁྱད་དུ་འཕགས་པའི་རི་བཞི་ཞེས་པའི་ཡ་གྱལ་ཤར་དུ་བན་ཁོས་གུང་བུ་རི་མཆོད་རྟེན་ལྟ་བུ་(མཁས་པའི་དགའ་སྟོན་)ཞེས་གསལ་བ་དེ་སྟག་རྩེ་རྫོང་ཁོངས་བདེ་ཆེནན་གྲོང་ཚོའི་ནུབ་ངོས་ཀྱི་རི་ཟུར་དེ་ནས་སྣེ་ཟིན་ཏེ་ཤིང་ཚང་ཕུའི་རི་ནས་སྤུངས་ཞེས་པའི་བར་དུ་ཡིན་ཞེས་བཤད་སྲོལ་ཡོད།
- language:
- Tibetan
2. Thupten Phuntsok Dictionary
རྒྱ་བཟའ་ཝུན་ཁྲེན་ཀོང་ཇོས་ལྷ་སའི་ས་དཔྱད་བརྟག་པའི་ནང་བཤད་པའི་རི་ཞིག་སྟེ། སྤྱི་ལོའི་དུས་རབས་བདུན་པའི་ནང་བཙན་པོ་སྲོང་བཙན་གྱི་བཙུན་མོ་བལ་བཟའ་ཁྲི་བཙུན་གྱིས་ལྷ་སའི་གཙུག་ལག་ཁང་གསར་བཞེངས་ལམ་ལྷོངས་མ་བྱུང་བར་རྒྱ་བཟའ་ཀོང་ཇོར་རྩིས་ཞུ་བར་བཏང་བས་རྒྱ་བཟའ་ཝུན་ཁྲེན་ཀོང་ཇོས་སྤོར་ཐང་བཀྲམ་སྟེ་རྩིས་པར་ལྷ་སའི་ས་བཀྲ་གསལ་བར་བཏོན་པའི་ནང་ཁྱད་དུ་འཕགས་པའི་རི་བཞི་ཞེས་པའི་ཡ་གྱལ་ཤར་དུ་བན་ཁོས་གུང་བུ་རི་མཆོད་རྟེན་ལྟ་བུ (མཁས་པའི་དགའ་སྟོན) ཞེས་གསལ་བ་དེ་སྟག་རྩེ་རྫོང་ཁོངས་བདེ་ཆེན་གྲོང་ཚོའི་ནུབ་ངོས་ཀྱི་རི་ཟུར་དེ་ནས་སྣེ་ཟིན་ཏེ་ཤིང་ཚང་ཕུའི་རྩ་རི་ནས་སྤུངས་ཞེས་པའི་བར་དུ་ཡིན་ཞེས་བཤད་སྲོལ་ཡོད།
- language:
- Tibetan