Skip to main content Skip to search
ban rgan dgon pa
ID:
T237413
  • བན་རྒན་དགོན་པ (Tibetan, Tibetan script, Original)
    • > ban rgan dgon pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ben gen gönpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དགོན་པ་འདི་ལོ་རྒྱུས་ཐོག་ཆགས་འཇིག་ཐེངས་བཞི་ཙམ་བྱུང་། དང་པོ་ཆགས་ས་རྫ་སྨད་མོན་ཡུལ་ནང་ཡིན། གཉིས་པ་རོང་པ་ཚའི་ཉིན་རིའི་ངོས་ཕྱོགས། གསུམ་པ་རི་དེའི་སྟེང། བཞི་པ་ཟླ་ཆེན་ཐང་དུ་ཆགས། དེ་ནས་རྒྱལ་བ་ལྔ་པ་ཆེན་པོའི་སྐབས་སུ་སོག་དམག་གིས་ཀར་དགོན་པའི་གྲྭ་དམག་གིས་དགོན་པ་འདིའི་རྟེན་བརྟེན་པ་དང་བཅས་པ་གཏོར། སྐབས་དེར་དགོན་པའི་གྲྭ་པ་རྣམས་ཁག་བཞི་ཙམ་གྱེས། གྲྭ་ཁག་གཅིག་བྲོས་བྱོལ་ཕྱིན་པས་ད་ལྟ་སྡེ་དགེའི་ཚ་ཚ་དགོན་པ་བཏབ། ཁག་གཅིག་གིས་ཇ་ཆུ་དགོན་པ་བཏབ། ཁག་གཅིག་གིས་ད་ལྟའི་དཀར་མཛེས་ཕྱོགས་ཀྱི་རིག་གྲྭ་དགོན་པ་བཏབ། ཤུལ་གྱི་བན་རྒན་རྣམས་ཀྱིས་ཏྲེ་སྟོད་རོང་པ་ཚའི་རི་ངོས་སུ་རབ་བྱུང་བཅུ་གཉིས་པའི་ནང་ཙམ་དུ་དགོན་གནས་འདིར་བཟུང་བས་བན་རྒན་དགོན་པ་ཟེར་བའི་མིང་བྱུང་། སྤྱི་ལོ་ (༡༩༩༠) ལོར་ད་ལྟའི་དགོན་གནས་འདི་གསར་དུ་བཏབ། གྲུབ་མཐའ་བཀའ་བརྒྱུད་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་ཁོངས་སུ་ཡོད།

language:
Tibetan