- ban chen pos mna' tshigs bton
- ID:
- T237416
- བན་ཆེན་པོས་མནའ་ཚིགས་བཏོན (Tibetan, Tibetan script, Original)
- > ban chen pos mna' tshigs bton (Tibetan, Latin script, Transliteration-THL Extended Wylie Transliteration)
- > ben chenpö na tsik tön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཚལ་པའི་དེབ་དམར་ལས་ལྷ་སའི་ཐང་དུ་བོད་ཀྱི་བློན་པོ་ཚོགས། བན་ཆེན་པོས་མནའ་ཚིགས་བཏོན་ཞེས་པ་ནི་སྐབས་དེར་བོད་ཀྱི་བློན་ཆེན་ཕྱི་ནང་གཉིས་ཀར་དབང་ཆ་ཆེན་པོ་ཡོད་པ་བན་དེ་ཆེན་པོ་དཔལ་གྱི་ཡོན་ཏན་ཡིན་པར་ལྷ་ས་གཙུག་ལག་ཁང་གི་མདུན་ངོས་རྡོ་རིང་གི་ཡི་གེ་ནང་དུ་གསལ་ཞིང་། རྡོ་རིང་དེ་ལ་ཁྲང་ཆིང་མཐུན་འབྲེལ་རྡོ་རིང་ཟེར། རྡོ་རིང་འདི་ནི། ཐང་རྒྱལ་རབས་ཀྱི་གོང་མ་བཅུ་དྲུག་པ་ཐང་མུའུ་ཙུང་ལི་ཧིན་གྱི་ཁྲང་ཆིང་ཁྲི་ལོ་དང་པོ་ལྕགས་གླང་(༨༢༡)ལོའི་དགུན་ཟླ་ར་བའི་(བོད་ཟླ་བཅུ་གཅིག་པ་)ཚེས་བཅུ་ཉིན་རྒྱ་བོད་གཉིས་བར་དམར་མཚམས་བཞག་སྟེ་ཁྲང་ཨན་རྒྱལ་སའི་ནུབ་ཕྱོགས་སུ་མཇལ་དུམ་གྲོས་མོལ་བྱས་། དེའི་ཕྱི་ལོ་རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྲིད་ལོ་སྐྱིད་རྟགས་ལོ་བརྒྱད་པ་ཆུ་སྟག་༨༢༢ལོར་དབྱར་ཟླ་འབྲིང་པོའི་བོད་ཟླ་དྲུག་པ་ཚེས་དྲུག་གི་ཉིན་ལྷ་སའི་ཤར་ཕྱོགས་སྦྲ་སྟོད་ཚལ་དུ་རྒྱ་བོད་གཉིས་ཀྱི་ཞི་དྲག་བློན་ཆེན་རྣམས་འཚོགས་ནས་མཇལ་དུམ་གྲོས་མོལ་བྱས། དེའི་ཕྱི་ལོ་རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྲིད་ལོ་སྐྱིད་རྟགས་ལོ་དགུ་པ། གོང་མ་ཐང་མུའུ་ཙུང་གི་ཁྲང་ཆིང་ཁྲི་ལོ་གསུམ་པ་ཆུ་ཡོས་སྤྱི་ལོ་༨༢༣ལོའི་དཔྱིད་ཟླ་འབྲིང་པོའི་བོད་ཟླ་གསུམ་པ་ཚེས་བཅུ་བཞི་ཉིན་ལྷ་ས་གཙུག་ལག་ཁང་གི་མདུན་དུ་རྡོ་རིང་འདི་བཙུགས་ཏེ་། དགའ་སྟོན་རྟེན་འབྲེལ་རྒྱས་པར་བྱས་པའི་གནས་ཚུལ་ཞིབ་ཕྲ་ཐང་རྒྱལ་རབས་ཀྱི་དེབ་ཐེར་<<ཐང་དེབ་གསར་མ་>>ནང་དུ་གསལ། རྡོ་རིང་འདིའི་མཐོ་ཚད་སྤྱི་ཁྲེ་༤༧༨དང་། ཞེང་ཚད་ལ་སྤྱི་ཁྲེ་༠༩༥མཐུག་ཚད་ལ་སྤྱི་ཁྲེ་༠༥༠ཡོད། ཕྱོགས་བཞིར་ཡི་གེ་བཀོད་པའི་ནུབ་ཕྱོགས་ཀྱི་གཡན་ངོས་སུ་བོད་ཡིག་དབུ་ཅན་ཡིག་ཕྲེང་༧༧དང་། གཡས་ངོས་སུ་རྒྱ་ཡིག་འཕྲེད་བྲིས་ཡིག་ཕྲེང་༦ཡོད་། ནང་དོན་ནི་བཀའ་གཙིགས་འདིའི་མགོ་བརྗོད་གླེང་གཞི་ཡིན། བྱང་ཕྱོགས་ཀྱི་ལྡེབས་སུ། མནའ་གཙིགས་སུ་ཞུགས་པའི་བོད་ཕྱོགས་ཀྱི་དཔོན་རིགས་བཅུ་བདུན་གྱི་མིང་ཐོ་བོད་རྒྱ་ཤན་སྦྱར་གྱིས་བཀོད་ཡོད། ལྷོ་ཕྱོགས་སུ། མནའ་གཙིགས་སུ་ཞུགས་པའི་རྒྱ་ཕྱོགས་ཀྱི་དཔོན་རིགས་བཅོ་བརྒྱད་ཀྱི་མིང་ཐོ་རྒྱ་བོད་ཤན་སྦྱར་གྱིས་བཀོད་ཡོད། ཤར་ཕྱོགས་སུ། སྐབས་དེའི་རྒྱ་བོད་གཉིས་བར་གྱི་འབྲེལ་བ་ཇི་ལྟར་ཡིན་པ་དང་། ས་མཚམས་སུ་དམག་འཁྲུག་ཐེངས་མང་བྱུང་ཡང་ཕན་ཚུན་གྱི་མཐུན་སྒྲིལ་ལ་གཏོར་བཤིག་ནམ་ཡང་བྱུང་མེད་པ་སོགས་མནའ་གཙིགས་འདིའི་ནང་དོན་དངོས་གཞི་རྣམས་བྲིས་ཡོད་པ་དེ་ནི། ཐང་བོད་གཉིས་ནི་བར་གྱི་འབྲེལ་བའི་ཐད་ལ་ཞིབ་འཇུག་བྱེད་སྐབས། བདེན་དོན་ར་སྤྲོད་བྱེད་པའི་དབང་ཡིག་ལྕགས་ལྟ་བུ་ཡིན་ཞིང་། ད་ལྟ་ཡང་ལྷ་ས་གཙུག་ལག་ཁང་གི་མདུན་ངོས་སུ་ཉམས་ཆག་མེད་པར་གནས་ཡོད། རྡོ་རིང་གི་ཡི་གེ་འདིའི་མཇུག་ཏུ་同一盟文之碑亦树于唐之京师ཞེས་རྡོ་རིང་འདི་དང་འདྲ་བ་ཞིག་ཐང་གི་རྒྱལ་ས་ཀེང་ཤིར་ཡང་བཙུགས་ཡོད་པ་དང་། མ་ཡིག་གི་ཟིན་བྲིས་ཀྱང་རྒྱ་བོད་གཉིས་ཀའི་ཡིག་ཚང་ནང་ཉར་ཚགས་བྱས་ཡོད་ཚུལ་གསལ། བན་དེ་བྲན་ཀ་དཔལ་ཡོན། བན་དེ་ཞེས་བརྗོད་པ་ནི་རྟེན་རབ་ཏུ་བྱུང་བ་ཡིན་ཁྲི་ལྡེ་བཙན་དང་ཁྲི་རལ་པ་ཅན་ཡབ་སྲས་གཉིས་ཀྱི་བློན་ཆེན། བློན་པོ་འདི་ཉིད་ཀྱིས་རྒྱལ་པོ་ཡབ་སྲས་གཉིས་ལ་ཆོས་དང་མཐུན་པའི་སྲིད་སྐྱོང་རོགས་ཞུས། ཡབ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུ་བཙན་པོས་བློན་ཆེན་པོ་བྲན་ཀ་དཔལ་ཡོན་ལ་སོགས་པར་རྒྱ་དང་མཇལ་དུམ་བྱེད་པའི་ཆབ་མདོའི་ལྡན་མ་བྲག་བརྐོས་ཀྱི་དུས་སུ་རྒྱ་བོད་གཉིས་ཕན་ཚུན་དམག་མི་དྲང་རྒྱུའི་ཆིངས་ཡིག་འཇོག་སྐབས་འདི་ཉིད་བོད་ཕྱོགས་ཀྱི་བློན་པོའི་གཙོ་བོ་ཡིན་པ་ལྷ་ལྡན་གཙུག་ལག་ཁང་མདུན་གྱི་རྡོ་རིང་གི་བྱང་ངོས་སུ་སྐབས་དེར་མཇལ་དུམ་ལ་ཞུགས་མཁན་བོད་ཕྱོགས་ཀྱི་བློན་པོའི་ཁོངས་ནས་འདི་ཉིད་ཀྱི་མཚན་ཨང་དང་པོར་བཀོད་ཡོད་པ་ནས་མཁེན་ཐུབ། འོན་ཀྱང་རྗེས་སུ་ཆོས་ལ་གནག་པའི་བློན་པོ་དབས་ཏོ་རེས་ཕྲ་མ་བཅུག་སྟེ། བློན་ཆེན་པོ་དབས་ཏོ་རེས་ཕྲ་མ་བཅུག་སྟེ། བློན་ཆེན་པོ་བྲན་ཀ་དཔལ་ཡོན་དང་རྒྱལ་པོའི་བཙུན་མོ་དཔལ་གྱི་ངང་ཚུལ་མ་ལྐོག་ཏུ་ཉལ་བཤམས་སོ་ཞེས་རྒྱལ་པོའི་སྙན་དུ་གསོལ་བས་ཁྲིམས་ལ་སྦྱོར་ཞིག་ཅེས་གསུངས་པ་ན་བཙུན་མོ་ངང་ཚུལ་མ་ཤིན་ཏུ་སྡུག་བསྔལ་ཏེ་རང་སྲོག་ལྕེབས་པ་དང་བློན་ཆེན་པོ་བྲན་ཀ་དཔལ་ཡོན་གྱིས་ཁོ་རང་བསད་ན་རྒྱལ་པོ་བཀྲོངས་ཀྱི་དོགས་ནས་བྱང་དུ་བྲོས། མཐར་བྱང་ཐང་དུ་བཀུམས་ནས་དམར་གདུང་སྙེ་ཐང་རྒྱ་གྲོང་ན་ཅེས་གྲགས། གཞན་ཡང་ལོ་རྒྱུས་ཡིག་ཚང་དུ་བློན་ཆེན་པོ་བྲན་ཀ་དཔལ་ཡོན་ཉེས་མེད་དུ་བསད་རྐྱེན་མཐར་གནོད་སྦྱིན་དུ་སྐྱེས་ནས་བོད་སིལ་བུའི་སྐབས་ཁེང་ལོག་གི་ངན་སྐུལ་བྱེད་མཁན་ཡིན་པའི་གཏམ་རྒྱུད་ཀྱང་མི་ཉུང་བ་ཞིག་ཡོད།
- language:
- Tibetan
2. Thupten Phuntsok Dictionary
ཚལ་པའི་དེབ་དམར་ལས་ལྷ་སའི་ཐང་དུ་བོད་ཀྱི་བློན་པོ་ཚོགས། བན་ཆེན་པོས་མནའ་ཚིགས་བཏོན་ཞེས་པ་དེ་ནི་སྐབས་དེར་བོད་ཀྱི་བློན་ཆེན་ཕྱི་ནང་གཉིས་ཀར་དབང་ཆ་ཆེན་པོ་ཡོད་པ་བན་དེ་ཆེན་པོ་དཔལ་གྱི་ཡོན་ཏན་ཡིན་པར་ལྷ་ས་གཙུག་ལག་ཁང་གི་མདུན་ངོས་རྡོ་རིང་གི་ཡི་གེའི་ནང་དུ་གསལ་ཞིང་། རྡོ་རིང་དེ་ལ་ཁྲང་ཆིང་མཐུན་འབྲེལ་རྡོ་རིང་ཟེར། རྡོ་རིང་དེ་ནི། ཐང་རྒྱལ་རབས་ཀྱི་གོང་མ་བཅུ་དྲུག་པ་ཐང་མུའུ་ཙུང་ལི་ཧིན་གྱི་ཁྲང་ཆིང་ཁྲི་ལོ་དང་པོ་ལྕགས་གླང་ (༨༢༡) ལོའི་དགུན་ཟླ་ར་བའི (བོད་ཟླ་བཅུ་གཅིག་པ) ཚེས་བཅུ་ཉིན་རྒྱ་བོད་གཉིས་བར་དམག་མཚམས་བཞག་སྟེ་ཁྲང་ཨན་རྒྱལ་སའི་ནུབ་ཕྱོགས་སུ་མཇལ་དུམ་གྲོས་མོལ་བྱས་པའི་འབྲས་བུ་ལས་བྱུང་བའོ། །
- language:
- Tibetan