Skip to main content Skip to search
ban de myang ting nge 'dzin
ID:
T237419
  • བན་དེ་མྱང་ཏིང་ངེ་འཛིན (Tibetan, Tibetan script, Original)
    • > ban de myang ting nge 'dzin (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ben dé nyang ting ngé dzin (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བོད་རྒྱལ་ཁྲི་ལྡེ་སྲོང་བཙན་བྱིས་པའི་དུས་ཀྱི་སྐུ་རྫི་ཡིན་ཞིང་། ཕྱིས་རབ་ཏུ་བྱུང་ནས་ལོ་བདུན་ཏིང་ངེ་འཛིན་གཅིག་ལ་མཉམ་པར་བཞག་མངོན་ཤེས་མངའ་བས་མྱང་བན་ཤའི་སྤྱན་ཅན་ཞེས་གྲགས། པན་ཆེན་བི་ལ་ཏྲས་སྙིང་ཐིག་གི་མན་ངག་རྫོགས་པར་གནང་། བོད་རྒྱལ་ཁྲི་ལྡེ་སྲོང་བཙན་དང་ཁྲི་རལ་པ་ཅན་གཉིས་ཀྱི་ཆོས་བློན་མཛད། དབུ་རུ་ཞྭ་ལྷ་ཁང་བཞེངས་། འདི་ཉིད་ཀྱིས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་ཕྱྭ་སྲུང་སྐྱོང་དང་། སྲིད་ཀྱི་ཞབས་འདེགས་ལྷགས་བསམ་ཟོལ་མེད་ཀྱིས་བསྒྲུབས་སྟབས་བཙན་པོས་འདི་ཉིད་ཀྱི་བྱས་རྗེས་ལ་བསྔགས་བརྗོད་གནང་ཕྱིར་དབུར་སྟོད་ཞྭ་ལྷ་ཁང་གི་རྡོ་རིང་དེ་ཆེད་དུ་བཙུགས་ཤིང་། རྡོ་རིང་དེའི་སྟེང་བན་དེ་མྱང་ཏིང་ངེ་འཛིན་གྱི་མཛད་རྗེས་བཀོད་པ་མ་ཟད་། སླད་ཕྱིན་བཙན་པོའི་གདུང་རྒྱུད་ཀྱིས་མྱང་ཏིང་ངེ་འཛིན་གྱི་མེས་པོ་བློན་སྣང་བཟང་འདུས་ཀོང་གི་བུ་ཚའིནང་ནས་འཇོན་ཐང་ཆེ་བ་ཞིག་བདམས་ནས་འཁོར་དུ་འཇུག་རྒྱུ་དང་། རང་ནུས་ལ་དཔའ་པའི་གོ་གནས་སྤྲད་དེ་ཁོང་ཚོའི་བྲན་ཁྱིམ་དང་། ས་ཞིང་། ཕྱུགས་ཟོག་ནགས་ཚལ་ལ་སོགས་པ་ནམ་ཡང་བཙན་པོའི་ཕྱག་ཏུ་མི་བཞེས་ལ་གཞན་ལ་ཡང་མི་སྟེར་བའི་གཙིགས་ཀྱི་དབུ་སྙུང་གནང་བ་འདི་ཕྱིན་ཆད་བུ་སྲས་ཕྱི་རབས་པས་ཆབ་སྲིད་ལ་དབང་བྱེད་པའི་བློན་པོ་རྣམས་ཀྱིས་མི་འཕྲི། མི་བཅོས། མི་བསྒྱུར་བ་བྱེད་དགོས་པའི་སྐོར་བྲིས་ཡོད།

language:
Tibetan

2. Thupten Phuntsok Dictionary

བོད་རྒྱལ་ཁྲི་ལྡེ་སྲོང་བཙན་བྱིས་པའི་དུས་ཀྱི་སྐུ་རྩི་ཡིན་ཞིང་། ཕྱིས་རབ་ཏུ་བྱུང་ནས་ལོ་བདུན་ཏིང་ངེ་འཛིན་གཅིག་ལ་མཉམ་པར་བཞག མངོན་ཤེས་མངའ་བས་མྱང་བན་ཤའི་སྤྱན་ཅན་ཞེས་གྲགས། པཎ་ཆེན་བི་མ་ལ་མི་ཏྲས་སྙིང་ཐིག་གི་མན་ངག་རྫོགས་པར་གནང་། བོད་རྒྱལ་ཁྲི་ལྡེ་སྲོང་བཙན་དང་ཁྲི་རལ་པ་ཅན་གཉིས་ཀྱི་ཆོས་བློན་མཛད། དབུ་རུ་ཞྭ་ལྷ་ཁང་བཞེངས། འདི་ཉིད་ཀྱིས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་ཕྱྭ་སྲུང་སྐྱོང་དང་། སྲིད་ཀྱི་ཞབས་འདེགས་ལྷག་བསམ་ཟོལ་མེད་ཀྱིས་བསྒྲུབས་སྟབས་བཙན་པོས་འདི་ཉིད་ཀྱི་བྱས་རྗེས་ལ་བསྔགས་བརྗོད་གནང་ཕྱིར་དབུར་སྟོད་ཞྭ་ལྷ་ཁང་གི་རྡོ་རིང་དེ་ཆེད་དུ་བཙུགས་ཤིང་། རྡོ་རིང་དེའི་སྟེང་བན་དེ་མྱང་ཏིང་ངེ་འཛིན་གྱི་མཛད་རྗེས་བཀོད་པ་མ་ཟད། སླད་ཕྱིན་བཙན་པོའི་གདུང་རྒྱུད་ཀྱིས་མྱང་ཏིང་ངེ་འཛིན་གྱི་མེས་པོ་བློན་སྣང་བཟང་འདུས་ཀོང་གི་བུ་ཚའི་ནང་ནས་འཇོན་ཐང་ཆེ་བ་ཞིག་བསམས་ནས་འཁོར་དུ་འཇུག་རྒྱུ་དང་། རང་ནུས་ལ་དཔག་པའི་གོ་གནས་སྤྲད་དེ་ཁོང་ཚོའི་བྲན་ཁྱིམ་དང་། ས་ཞིང་། ཕྱུགས་ཟོག ནགས་ཚལ་ལ་སོགས་པ་ནམ་ཡང་བཙན་པོའི་ཕྱག་ཏུ་མི་བཞེས་ལ་གཞན་ལ་ཡང་མི་སྟེར་བའི་གཙིགས་ཀྱི་དབུ་སྙུང་གནང་བ་འདི་ཕྱིན་ཆད་བུ་སྲས་ཕྱི་རབས་པས་ཆབ་སྲིད་མངའ་མཛད་སྐབས་དང་། ཆབ་སྲིད་ལ་དབང་བྱེད་པའི་བློན་པོ་རྣམས་ཀྱིས་མི་འཕྲི། མི་བཅོས། མི་བསྒྱུར་བ་བྱེད་དགོས་པའི་སྐོར་བྲིས་ཡོད།

language:
Tibetan