- badz+ra d+ha ra tA la'i bla ma
- ID:
- T237448
- བཛྲ་དྷ་ར་ཏཱ་ལའི་བླ་མ (Tibetan, Tibetan script, Original)
- > badz+ra d+ha ra tA la'i bla ma (Tibetan, Latin script, Transliteration-THL Extended Wylie Transliteration)
- > badzra dhara talé lama (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བཛྲ་དྷ་ར་ཞེས་པ་རྒྱ་གར་སྐད་བོད་སྐད་དུ་རྡོ་རྗེ་འཆང་ཟེར་། ཏཱ་ལའི་ཞེས་པ་སོག་སྐད་དུ་རྒྱ་མཚོ་བླ་མ་ཞེས་པའི་དོན་ཡིན། དེ་ནི་བོད་ཀྱི་རབ་བྱུང་བཅོ་ལྔ་པའི་ས་སྟག་མིང་རྒྱལ་རབས་ཀྱི་གོང་མ་ཧྲེན་ཙུང་དབན་གླིས་ཁྲི་ལོ་དྲུག་པ་༡༨༧༨ལོར་ཐུ་མེད་ཆོ་པ་བཅུ་གཉིས་ཀྱི་རྒྱལ་པོ་ཨལ་ཐན་ཧན་གྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོར་ཆོས་ཞུས་རྗེས་གསེར་སྲང་བརྒྱ་ཐམ་ཀ་ཆེ་བ་ཞིག་ཕུལ་བ་དེའི་ཁ་རིས་སུ། ཧོར་ཡིག་གསར་པས་རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཐམ་ཀ་རྒྱལ་འཁོད་པ་དང་། ཡང་དེ་ལས་ཆུང་བའི་ཐམ་ཀ་ཞིག་གི་ཁ་རིས་ལ་ཏཱ་ལའི་བླ་མ་བཛྲ་དྷ་ར་ཞེས་འཁོད་པ་ཞིག་སོགས་རིན་ཐང་ཆེ་བའི་དངོས་པོ་མང་པོ་ཕུལ་བ་དེ་ནས་བཟུང་ཏཱ་ལའི་བླ་མ་ཞེས་མཚན་ཆགས་པ་དང་། རྗེས་སུ་ལོ་རྒྱུས་འབྲི་མཁན་ཆོས་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ་དང་། སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་ལ་ཡང་མཚན་དེ་ལྟར་སྦྱར་བའོ། །
- language:
- Tibetan
2. Thupten Phuntsok Dictionary
བཛྲ་དྷ་ར་ཞེས་པ་རྒྱ་གར་སྐད་བོད་སྐད་དུ་རྡོ་རྗེ་འཆང་ཟེར། ཏཱ་ལའི་ཞེས་པ་སོག་སྐད་དུ་རྒྱ་མཚོ་ཞེས་པའི་དོན་ཡིན། དེ་ནི་བོད་ཀྱི་རབ་བྱུང་བཅོ་ལྔ་པའི་ས་སྟག་མིང་རྒྱལ་རབས་ཀྱི་གོང་མ་ཧྲེན་ཙུང་འདྲེས་སྦྱོར་སྣལ་མ་གླིས་ཁྲི་ལོ་དྲུག་པ (༡༨༧༨) ལོར་ཐུ་མེད་ཚོ་པ་བཅུ་གཉིས་ཀྱི་རྒྱལ་པོ་ཨལ་ཐན་ཧན་གྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོར་ཆོས་ཞུས་རྗེས་གསེར་སྲང་བརྒྱ་ཐམ་པ་ལས་བཟོས་པའི་ཐམ་ཀ་ཆེ་བ་ཞིག་ཕུལ་བ་དེའི་ཁ་རིས་སུ། ཧོར་ཡིག་གསར་པས་རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཐམ་ཀ་རྒྱལ་ཞེས་འཁོད་པ་དང་། ཡང་དེ་ལས་ཆུང་བའི་ཐམ་ཀ་ཞིག་གི་ཁ་རིས་ལ་ཏཱ་ལའི་བླ་མ་བཛྲ་དྷ་ར་ཞེས་འཁོད་པ་ཞིག་སོགས་རིན་ཐང་ཆེ་བའི་དངོས་པོ་མང་པོ་ཕུལ་བ་དེ་ནས་བཟུང་ཏཱ་ལའི་བླ་མ་ཞེས་པའི་མཚན་ཆགས་པ་དང་། རྗེས་སུ་ལོ་རྒྱུས་འབྲི་མཁན་ཚོས་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ་དང་། སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་ལ་ཡང་མཚན་དེ་ལྟར་སྦྱར་བའོ། །
- language:
- Tibetan