Skip to main content Skip to search
bar stong gi tshor ba
ID:
T237489
  • བར་སྟོང་གི་ཚོར་བ (Tibetan, Tibetan script, Original)
    • > bar stong gi tshor ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bar tong gi tsorwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རི་མོའི་ངོས་ཀྱི་བར་སྟོང་གི་ས་ཆ་དེར་མི་རྣམས་ཀྱི་སྣང་ངོར་བར་སྟོང་གི་ཚོར་བ་བྱུང་བ་དེར་ཟེར། མིང་གཞན་ལ་ཐག་རིང་དང་ཐག་ཉེའི་ཚོར་བའང་ཟེར། དེ་ཡང་རི་མོའི་ངོས་སུ་གནས་པའི་དངོས་གཟུགས་དང་ཕྱོགས་བཞིའི་ཁོར་ཡུག་བར་གྱི་འབྲེལ་བ་དེ་ཡིན། བར་ཐག་ཉེ་བའི་དངོས་པོའི་རིགས་རྣམས་དེའི་རྒྱ་ཁྱོན་ཆེ་ཞིང་རགས་དབྱིབས་གསལ་བ། གསལ་མུན་གྱི་བསྡུར་ཚད་ཤུགས་ཆེ་བ་ཡོད། བར་ཐག་རིང་བའི་དངོས་པོའི་རྒྱ་ཁྱོན་ཆུང་ཞིང་རགས་དབྱིབས་མི་གསལ་བ། གསལ་མུན་གྱི་བསྡུར་ཚད་ཤུགས་ཆུང་བ་བཅས་ཡིན། རི་མོ་འབྲི་སྐབས་ཡང་དག་པའི་སྒོ་ནས་དངོས་པོའི་སྣང་ཆའི་འབྲེལ་བ་མཚོན་ཐུབ་པ་བྱུང་ན། གཞི་ནས་མི་རྣམས་ཀྱི་མཐོང་སྣང་ལ་བར་སྟོང་གི་ཚོར་བ་དང་། མཁའ་རླུང་སྲབ་མཐུག་གི་ཚོར་སྣང་བཅས་མངོན་སུམ་མཚོན་ཐུབ་པ་ཡོང་གི་རེད།

language:
Tibetan