- bar thag tshags
- ID:
- T237492
- བར་ཐག་ཚགས (Tibetan, Tibetan script, Original)
- > bar thag tshags (Tibetan, Latin script, Transliteration-THL Extended Wylie Transliteration)
- > bar tak tsak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྣང་ཆ་རིག་པའི་མིང་ཚིག་ཅིག་ཡིན། མིག་གིས་མཐོང་བའི་བར་ཐག་རིང་ཐུང་དེ་གཙོ་ཚགས་གཡས་གཡོན་གྱི་མཐའ་གཉིས་པོ་ས་ངོས་སྙོམ་ཐིག་ཐོག་ཐོན་པའི་ཚགས་གཉིས་པོ་དེར་གཡས་གཡོན་གྱི་བར་ཐག་ཚགས་གཉིས་ཟེར་བས། སྟབས་བདེའི་མིང་ཚིག་ལ་བར་ཐག་ཚགས་ཟེར་གྱི་ཡོད། ས་ངོས་དང་མཉམ་གཤིབ། རི་མོའི་ངོས་དང་ཟུར་ཚད་ཏུའུ་45。འགྱུར་ཐིག་ཡིན་ཕྱིན་ཚང་མ་བར་ཐག་ཚགས་ཀྱི་སྟེང་དུ་གཅིག་སྡུད་དང་ཡལ་འགྲོ་ཡི་ཡོད། བར་ཐག་ཚགས་དང་གཙོ་ཚགས་བར་གྱི་བར་ཐག་དེ། རི་མོ་བ་དང་རི་མོའི་ངོས་ཀྱི་བར་ཐག་དང་མཚུངས་པ་ཡིན།
- language:
- Tibetan