Skip to main content Skip to search
bal po li rgyal
ID:
T237541
  • བལ་པོ་ལི་རྒྱལ (Tibetan, Tibetan script, Original)
    • > bal po li rgyal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > balpo li gyal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བལ་པོ་ལིལ་རྒྱལ་ཟེར་བ་ལི་ཡུལ་དང་བལ་ཡུལ་དོན་གཅིག་པའི་གོ་བ་ལ་བླང་རྒྱུ་མིན་པར། བལ་ཡུལ་ནས་ཐོན་པའི་ དམིགས་བསལ་ཐོན་ཟིག་འདི་ལི་ཡིན་པའི་དབང་གིས་མིང་དེ་ལྟར་བཏགས། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ ཡིག་ཆ་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ཞེས་པའི་ནང་། རྒྱ་བཟའ་ཝུན་ཁྲེན་ཀོང་ཇོ་སྲོང་བཙན་སྒམ་པོའི་བཙུན་མོར་བླངས་པས་བོད་དུ་མ་འབྱོར་བའི་བར་དེར་བལ་ཡུལ་དུ་དམག་དྲངས་ནས་རྒྱལ་པོ་གསར་པ་བསྐོས་པ་དང་། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱི་ཁྲི་ལོ་འདྲེན་སྐབས་བཙན་པོ་དབྱར་བལ་པོ་ན་བཞུགས་ཞེས་ཐེངས་མང་པོ་བྱུང་འདུག་གོ།

language:
Tibetan

2. Thupten Phuntsok Dictionary

བལ་པོ་ལི་རྒྱལ་ཟེར་བ་ལི་ཡུལ་དང་བལ་ཡུལ་དོན་གཅིག་པའི་གོ་བ་བླང་རྒྱུ་མིན་པར། བལ་ཡུལ་ནས་ཐོན་པའི་དམིགས་བསལ་ཐོན་ཟོག་འདི་ལི་ཡིན་པའི་དབང་གིས་མིང་དེ་ལྟར་བཏགས།

language:
Tibetan