Skip to main content Skip to search
bal po'i bzo pa
ID:
T237542
  • བལ་པོའི་བཟོ་པ (Tibetan, Tibetan script, Original)
    • > bal po'i bzo pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > balpö zopa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གནའ་རབས་ལོ་འདུན་བརྒྱ་ཡས་མས་ནས་ལྷ་སར་གཞིས་ཆགས་པའི་བལ་པོའི་བཟོ་རིགས་ལག་རྩལ་པ་མང་ཆེ་བ་ནི་གསེར་དངུལ་ལི་མ་སོགས་ཀྱི་ལྷ་སྐུ་བཞེངས་རྒྱུ་དང་། རིན་ཐང་ཆེ་བའི་ནོར་བུའི་རིགས་ཀྱི་ཕྲ་རྒྱན་བརྡར་བཟོ་དང་གཤགས་ལས་ལ་མཁས་པ་ཡོད། སྐབས་དེར་བལ་པོའི་བཟོ་པ་ལག་རྩལ་མཁས་ཅན་ཨིན་རྡུ་སམ་དང་། པ་མ་ལ་གཉིས་སོགས་མི་གྲངས་བརྒྱ་དང་བདུན་ཅུ་ཡོད་པ་རྣམས་ཀྱིས་གསེར་དངུལ་ལས་གྲུབ་པའི་ལྷ་སྐུ་གནད་ཆེ་ཁག་དང་རིན་ཐང་ཆེ་བའི་ཕྲ་རྒྱན་བརྡར་བཟོ་དང་གཤགས་ལས་བྱེད་མཁན་ཡིན་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་རང་ཉིད་ཀྱིས་བརྩམས་པའི་《གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》ནང་གསལ།

language:
Tibetan

2. Thupten Phuntsok Dictionary

གནའ་རབས་ལོ་བདུན་བརྒྱ་ཡས་མས་ནས་ལྷ་སར་གཞིས་ཆགས་པའི་བལ་པོའི་བཟོ་རིགས་ལག་རྩལ་པ་མང་ཆེ་བ་ནི་གསེར་དངུལ་ལི་མ་སོགས་ཀྱི་ལྷ་སྐུ་བཞེངས་རྒྱུ་དང་། རིན་ཐང་ཆེ་བའི་ནོར་བུའི་རིགས་ཀྱི་ཕྲ་རྒྱན་བརྡར་བཟོ་དང་གཤགས་ལས་ལ་མཁས་པ་ཡོད། སྐབས་དེར་བལ་པོའི་བཟོ་པ་ལག་རྩལ་མཁས་ཅན་ཨིན་རྡུ་སམ་དང་། པ་མ་ལ་གཉིས་སོགས་མི་གྲངས་བརྒྱ་དང་བདུན་ཅུ་ཡོད་པ་རྣམས་ཀྱིས་གསེར་དངུལ་ལས་གྲུབ་པའི་ལྷ་སྐུ་གནད་ཆེ་བ་ཁག་དང་རིན་ཐང་ཆེ་བའི་ཕྲ་རྒྱན་བརྡར་བཟོ་དང་གཤགས་ལས་བྱེད་མཁན་ཡིན་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་རང་ཉིད་ཀྱིས་བརྩམས་པའི་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》ནང་གསལ།

language:
Tibetan