- bal bza' khri btsun
- ID:
- T237550
- བལ་བཟའ་ཁྲི་བཙུན (Tibetan, Tibetan script, Original)
- > bal bza' khri btsun (Tibetan, Latin script, Transliteration-THL Extended Wylie Transliteration)
- > bal za tritsün (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ནེེ་པ་ལའི་ཀོང་ཇོ་མཚན་ལ་ཁྲི་བཙུན་ཟེར་བ་དང་། ལྷ་གཅིག་ཁྲི་བཙུན་ཡང་ཟེར། མིང་ཕལ་པར་བལ་བཟའ་ཀོང་ཇོ་ཞེས་འབོད་ཚུལ་ཡོད། 《དབུས་གཙང་གི་དཀར་ཆག》ལ་སོགས་པའི་རྒྱ་ཡིག་གི་ཡིག་ཆའི་ནང་བལ་མོ་བཟའ་ཞེས་ཀྱང་འཁོད་འདུག དེ་ཡང་གསར་དུ་བརྩམས་པའི་《ནེེ་པ་ལའི་ལོ་རྒྱུས》ཞེས་པ་དེའི་ནང་ནེེ་པ་ལའི་ཀོང་ཇོ་མིང་ལ་པུ་ལི་ཁུ་ཐི་ཞེས་བྲིས་ཡོད་པ་དང་། དེབ་ཐེར་དེའི་ནང་བལ་པོའི་རྒྱལ་པོ་ཨམ་ཤུ་ཝ་རྨའི་ཟེར་འདིས་སྲས་མོ་པུ་ལི་ཁུ་ཐི་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་མནའ་མར་བྱིན་ཞེས་བཤད་ཡོད་ཅིང་། ཨམ་ཤུ་ཝརྨ་ཞེས་པ་བོད་སྐད་དུ་བསྒྱུར་ན་འོད་ཟེར་གོ་ཆ་ཟེར། ཡང་སྙིང་ཁྲི་བཙུན་ཀོང་ཇོའི་ཡབ་ཀྱི་སྐོར་ལོ་རྒྱུས་དཔེ་ཆའི་ནང་ཤོད་ཚུལ་མི་འདྲ་ཞིང་། 《ཐང་རྒྱལ་རབས་དང་ཞི་ཡུལ་གྱི་གནས་ཡིགནང་ཨམ་ཤུ་ཝ་རྨའི་སྲས་མོ་ཁྲི་བཙུན་ཀོང་ཇོ་སྲོང་བཙན་སྒམ་པོའི་བག་མར་བཏང་བ་རེད་ཅེས་འཁོད་ཡོད། དེ་བཞིན་《དེབ་ཐེར་དམར་པོ་གསར་མ》ཞེས་པའི་ནང་ནེེ་པ་ལའི་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་པོ་ཁྲི་བཙུན་ཀོང་ཇོར་ཕེབས་བསུ་ཞུས་པ་རེད་ཅེས་བཤད་སྲོལ་ལྟར་ན་ནེེ་པ་ལའི་ཀོང་ཇོ་འདི་ཉིད་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཡིན་པ་དང་བཞིན་མདངས་མཛེས་ཤིང་ཞལ་ནས་དྲི་བསུང་འཐུལ་བ། ཁོང་དགུང་ལོ་ཉེར་བརྒྱད་ལ་སོན་སྐབས་དགུང་ལོ་བཅུ་དྲུག་ལ་སོན་པའི་པུར་རྒྱལ་གྱི་བཙན་པོ་སྲོང་བཙན་སྒམ་པོ་དང་གཉེན་སྒྲིག་གནང་། འདི་དུས་ཁོ་ཚོའི་ལོ་ཚད་ལ་གཞིགས་ན་ནེེ་པ་ལའི་ཀོང་ཇོ་འདི་བོད་དུ་བྱོན་པའི་དུས་ཚོད་ནི་བོད་ཀྱི་ལོ་རྒྱུས་ཡིག་ཆ་མང་ཆེ་བར་རྒྱ་བཟའ་བོད་དུ་མ་བྱོན་གོང་ལོ་འགའ་ཤས་ཀྱི་སྔོན་དུ་བྱོན་པར་བཤད། འདི་དུས་ནེེ་པ་ལ་ནི་ནང་པ་སངས་རྒྱས་ཀྱི་རྒྱལ་ཁབ་གཅིག་ཡིན་ལ་རྒྱལ་ཚང་དང་ཁྲི་བཙུན་ཀོང་ཇོ་ལ་སོགས་པ་ཐམས་ཅད་ནང་པའི་ཆོས་ལ་དད་པ་ཡོད་པ་ཞིག་ཡིན། ད་དུང་ཤཱཀྱ་ཐུབ་པ་དགུང་ལོ་བརྒྱད་ལ་ལོན་པའི་སྐུ་འདྲ་སྟེ་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་འདྲ་དང་། བེེཌཱུརྱའི་ལྷུང་བཟེད། རང་བྱོན་ཙན་དན་གྱི་སྒྲོལ་མ། བྱམས་པ་ཆོས་འཁོར་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་སོགས་རྫོངས་སྐལ་བྱས་ཏེ་བོད་དུ་བསྣམས་ཕེབས་པ་དང་། དེ་བཞིན་ནང་པའི་རིག་གནས་ཀྱང་བོད་དར་སྤེལ་གནང་ཐོག་ཡུན་རིང་མ་སོང་བར་ལྷ་སའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་ཏེ་ཇོ་བོ་མི་བསྐྱོད་རྡོ་རྗེའི་བཞུགས་ས་མཛད། རྗེས་སུ་རྒྱུ་རྐྱེན་འགའ་ཞིག་ལ་བརྟེན་ཇོ་བོ་མི་བསྐྱོད་རྡོ་རྗེ་ར་མོ་ཆེ་གཙུག་ལག་ཁང་དུ་གནས་སྤོ་བྱས་ཤིང་དེ་ནས་བཟུང་སྐུ་འདྲ་འདི་ཉིད་ད་བར་ར་མོ་ཆེའི་གཙུག་ལག་ཁང་ནང་བཞུགས་ཏེ་བསྙེན་བསྐུར་བུ་བཞིན་ཡོད། ནེེ་པ་ལའི་ཁྲི་བཙུན་ཀོང་ཇོ་དང་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོ་གཉེན་སྒྲིག་བྱས་པ་དེ་བོད་ལ་ནང་པའི་རིག་གནས་དར་བ་མ་ཟད། ཕྱོགས་མཚུངས་རྡོ་ཤིང་རྐོས་མའི་ལག་རྩལ་ལ་སོགས་པའི་བལ་ཡུལ་གྱི་སྔོན་ཐོན་གྱི་བཟོ་བཀོད་སྒྱུ་རྩལ་ཡང་དར་ཁྱབ་བྱུང་ཡོད་གཤིས། མདོར་ན་བོད་ཀྱི་ནང་རིག་གནས་གོང་དུ་འཕེལ་རྒྱུར་བྱས་རྗེས་ངེས་ཅན་ཞིག་བཞག་གནང་ཡོད། བོད་རིགས་མི་དམངས་ཚོས་ནེེ་པ་ལའི་ཀོང་ཇོར་དྲན་གསོ་ཞུ་ཆེད་གང་ས་གང་དུ་བལ་བཟའི་འདྲ་སྐུ་བཞེངས་ཡོད་ཅིང་། དེ་ཡང་འདྲ་སྐུ་མང་ཆེ་བ་ནི་སྲོང་བཙན་སྒམ་པོ། རྒྱ་བཟའ་ཀོང་ཇོ་བཅས་དང་ལྷན་བཞུགས་ཀྱི་འཇིམ་སྐུ་ཡིན། ད་ལྟ་བལ་བཟའ་ཁྲི་བཙུན་གྱི་སྐུ་འདྲ་བདག་གཅེས་ལེགས་ཤོས་ནི་ཕོ་བྲང་པོ་ཏ་ལའི་ལྷ་ཁང་ཆོལ་རྒྱལ་སྒྲུབ་ཕུག་ནང་གི་སྐུ་འདྲ་ཡིན། སྐུ་དེའི་ཞལ་མདངས་སྣུམ་ལ་བག་ཕེབས་པ་ཞིག་ཡོད། ཁོང་ནི་བོད་རིགས་མི་དམངས་ཀྱི་ཁྲོད་དུ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད། །
- language:
- Tibetan
2. Thupten Phuntsok Dictionary
ནཻ་པ་ལའི་ཀོང་ཇོའི་མཚན་ལ་ཁྲི་བཙུན་ཟེར་བ་དང་། ལྷ་གཅིག་ཁྲི་བཙུན་ཡང་ཟེར། མིང་ཕལ་པར་བལ་བཟའ་ཀོང་ཇོ་ཞེས་འབོད་ཚུལ་ཡོད།
- language:
- Tibetan