Skip to main content Skip to search
bi da ri
ID:
T237562
  • བི་ད་རི (Tibetan, Tibetan script, Original)
    • > bi da ri (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bi da ri (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

〔ལེགས〕 བོད་ཀྱི་སྐད་དུ་བསྒྱུར་ན། རྒྱ་ཤུག་གམ་བརྟན་པ་ཞེས་འགྱུར་བར་དཔལ་སྤུངས་སི་ཏུས་འཆི་མེད་མཛོད་ཀྱི་འགྲེལ་པ་ལས་གསུངས་ཤིང་། དེ་ཉིད་ངོས་འཛིན་ཐད། སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པ་ལས། ཟླུམ་པོ་བི་ད་རི་ལྟར་ཟླུམ། སྲ་ཞིང་བི་ད་རི་ཞེས་བྱ། ཞེས་གསུངས་པ་དང་། ཟླ་ཟེར་ལས། བི་ད་རི་ནི་ཟླུམ་ཕག་ཕལ་རིགས་ཤིག་གོ་ཞེས་དང་། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། བི་ད་ར་དང་བ་ད་ར་ནི་ལེགས་སྦྱར་སྐད་དེ། བོད་སྐད་དུ་རྒྱ་ཤུག་གམ་བརྟན་པ་ཞེས་འགྱུར་བས་ངོ་བོ་ནི་རྒྱ་ཤུག་གི་འབྲུ་སྙིང་གི་དབྱིབས་དང་འདྲ་བ་ཞིག་གོ། ཞེས་གསུངས་པ་དང་། གཞན་དུ་ཙ་རི་ནས་འཁྱེར་ཡོང་བའི་ཤིང་གི་ཚ་ཚ་ཞེས་པ་དེ་ལའང་བཞེད་པར་མཆིས་པས་དཔྱད་པར་བྱའོ། །

language:
Tibetan