Skip to main content Skip to search
bi byi dga' byed dang bi lha dga' mdzes
ID:
T237564
  • བི་བྱི་དགའ་བྱེད་དང་བི་ལྷ་དགའ་མཛེས (Tibetan, Tibetan script, Original)
    • > bi byi dga' byed dang bi lha dga' mdzes (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bi ji gajé dang bi lha ga dzé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཡབ་རྔ་ཆེན་པོ་དང་ཡུམ་གངས་ལྷའི་སྲས་བི་བྱི་དང་ཡུམ་དྲིལ་བཟོའི་སྲས་མོ་བི་ལྷ་ཡིན་པར་གསུངས་པར་གསུངས། འདི་གཉིས་ཆུང་དུས་ནས་གསོ་དཔྱད་ཀྱི་བསྟན་པ་ལ་ཞུགས། རྒྱུན་ཤེས་ཀྱི་བུ་དང་འཚོ་བྱེད་གཞོན་ནུ་ལ་གསོ་བའི་གདམས་པ་མང་དུ་ཞུས། བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པས་འཆི་མེད་ཚེའི་དངོས་གྲུབ་བརྙེས། རྗེ་བཙུན་མ་སྒྲོལ་མས་བསྐུལ་བ་ལྟར་རྒྱ་གར་ནས་བོད་དུ་བྱོན། ལྷ་ཐོ་ཐོ་རི་གཉན་བཙན་གྱིས་ཕོ་བྲང་ཡུམ་བུ་བླ་སྒང་དུ་སྤྱན་དྲངས། རྒྱལ་པོས་བོད་ལ་གསོ་དཔྱད་དར་བའི་ཆེད་ལྷ་ལྕམ་མམ་སྲས་མོ་ཡིད་ཀྱི་རོལ་ཆ་བི་བྱི་དགའ་བྱེད་ཀྱི་ཆུང་མར་ཕུལ་བར་སྲས་སྨན་པ་དུང་གི་ཐོར་ཅོག་འཁྲུངས། སྲས་ཆེར་འཚར་བ་ན་ཡབ་ཀྱིས《སྨན་དཔྱད་འཚོ་བའི་མདོ》དང་། 《འགྲེལ་བཤད་ཁོག་འབུགས》 《ས་བཅད་ལག་ལེན》དང་བཅས་པ་གནང་སྟེ་ལྕམ་གཉིས་རྒྱ་གར་དུ་ཕྱིར་བྱོན་ནོ།

language:
Tibetan

2. Thupten Phuntsok Dictionary

ཡབ་རྔ་ཆེན་པོ་དང་ཡུམ་གངས་ལྷ་ཡིན་པར་གསུངས། འདི་གཉིས་ཆུང་དུས་ནས་གསོ་དཔྱད་ཀྱི་བསྟན་པ་ལ་ཞུགས། རྒྱུན་ཤེས་ཀྱི་བུ་དང་འཚོ་བྱེད་གཞོན་ནུ་ལ་གསོ་བའི་གདམས་པ་མང་དུ་ཞུས། བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པས་འཆི་མེད་ཚེའི་དངོས་གྲུབ་བརྙེས། རྗེ་བཙུན་མ་སྒྲོལ་མས་བསྐུལ་བ་ལྟར་རྒྱ་གར་ནས་བོད་དུ་བྱོན། ལྷ་ཐོ་ཐོ་རི་གཉན་བཙན་གྱིས་ཕོ་བྲང་ཡུམ་བུ་བླ་སྒང་དུ་སྤྱན་དྲངས། རྒྱལ་པོས་བོད་ལ་གསོ་དཔྱད་དར་བའི་ཆེད་ལྷ་ལྕམ་མམ་སྲས་མོ་ཡིད་ཀྱི་རོལ་ཆ་བི་བྱི་དགའ་བྱེད་ཀྱི་ཆུང་མར་ཕུལ་བར་སྲས་སྨན་པ་དུང་གི་ཐོར་ཅོག་འཁྲུངས། སྲས་ཆེར་འཚར་བ་ན་ཡབ་ཀྱིས་འགྲེལ་བཤད་ཁོག་འབུགས》 ས་བཅད་ལག་ལེན》དང་བཅས་པ་གནང་སྟེ་ལྕམ་སྲིང་གཉིས་རྒྱ་གར་དུ་ཕྱིར་བྱོན་ནོ། །

language:
Tibetan