- bi dzi dkar po
- ID:
- T237565
- བི་ཛི་དཀར་པོ (Tibetan, Tibetan script, Original)
- > bi dzi dkar po (Tibetan, Latin script, Transliteration-THL Extended Wylie Transliteration)
- > bi dzi karpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྔོ་སྨན་ཟིན་ཏིག་གི་མིང་གི་རྣམ་གྲངས་ཤིག་སྟེ། རྗེ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད་པའི་མན་ངག་བྱེ་བ་རིང་བསྲེལ་ལས། བི་ཛི་དཀར་པོ་ནི། གད་པ་དང་གཡའ་ལ་སྐྱེ་བ། སྡོང་པོ་གྲུ་བཞི་ཡོད་པ་ལ་ལོ་མ་མཆོད་རྟེན་གྱི་རྣམ་པ། ལོགས་བཞིའི་གཙུག་ཏུ་བརྩེགས་པ་ཁ་དོག་སྐྱ་བོ་ཡོད་དེ། མིང་ནི་ཟིན་ཏིག་དང་དཀར་མོ་མཁར་ཐབས་ཞེས་ཟེར།
- language:
- Tibetan