Skip to main content Skip to search
bis pa ngag dbang mi pham zla ba
ID:
T237577
  • བིས་པ་ངག་དབང་མི་ཕམ་ཟླ་བ (Tibetan, Tibetan script, Original)
    • > bis pa ngag dbang mi pham zla ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bipa ngawang mipam dawa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མདོ་སྨད་མར་ནང་ཚོ་ལྔ་བིས་ཐང་འཇའ་མོའི་རིགས་སུ་རབ་བྱུང་བཅུ་གསུམ་པའི་མེ་ཕག(༡༧༦༧)ལོར་འཁྲུངས། མཁན་ཆེན་དངོས་སློབ་བིས་པ་དགེ་བཤེས་ཤེས་རབ་བསྟན་འཛིན་གྱི་སྐུ་སྐྱེ་རུ་ངོས་བཟུང་། དགུང་ལོ་བཅུ་གསུམ་པ་ས་ཕག་ལོར་ཆོས་གྲྭར་ཞུགས། བདེ་ཆེན་པ་ཤེས་རབ་འོད་ཟེར་ལས་སུམ་རྟགས་དང་། ཨ་ཁྱུང་ངག་དབང་མཁྱེན་རབ་ལས་སྙན་ངག་བསླབས། ཤར་མཆོག་སྤྲུལ་རིན་པོ་ཆེ་སྐལ་ལྡན་དགེ་འདུན་འཕྲིན་རབ་རྒྱས་ནས་བསྙེན་པར་རྫོགས། མཁན་ཆེན་དྲུང་ཡིག་བློ་བཟང་རྒྱ་མཚོ་དང་། ཁྲི་རྒན་སྤྲུལ་སྐུ་ངག་དབང་འཇམ་དབྱངས་བཀྲ་ཤིས། ཚེ་མགོན་བླ་མ། དགོན་ལུང་དུ་ཝང་སྐལ་བཟང་ཡེ་ཤེས་དར་རྒྱས། ཞང་བ་སྒོམ་ཆེན་བློ་བཟང་ཟླ་བ་རྣམས་ལ་བཀའ་ཆོས་ཅི་རིགས་གསན། ཁྱད་པར་དུ་ཐུའུ་བཀྭན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མའི་དྲུང་དུ་སྔགས་ལུགས་ཐུན་མོང་མ་ཡིན་པའི་ཕྱག་རྒྱ་ཟབ་ཁྲིད་བཅས་ལེགས་པར་གསན། ཐུའུ་བཀྭན་གྱི་ཞལ་ནས། གུང་ཐང་སྤྲུལ་པའི་སྐུ་དང་འདི་པ་ལྟ་བུའི་མདོ་སྔགས་རིག་གནས་ཐམས་ཅད་ལ་མཁས་པ་དེང་སང་དཀོན་གསུངས། རོང་པོ་དུས་འཁོར་གྲྭ་ཚང་གསང་སྔགས་དར་རྒྱས་གླིང་གི་ཁྲིར་བཞུགས། རབ་བྱུང་བཅུ་པའི་མེ་ཡོས(༡༨༠༧)ལོར་རོང་པོ་ཚོགས་ཆེན་གྱི་ཁྲིར་ཕེབས། འོན་ཀྱང་འཆད་ཉན་གྱི་བདུད་རྩི་སྤྲོ་ཁོམ་མ་བྱུང་བར་ལོ་དེར་སྐུ་གཤེགས། ཕྱག་རྩོམ་ཤར་སྤྲུལ་པའི་སྐུ་དགེ་འདུན་འཕྲིན་ལས་རབ་རྒྱས་གྱི་རྣམ་ཐར་དང་། རྩིས་གཞུང་མཁས་པའི་སྙིང་ནོར་སོགས་པོ་ཏི་གསུམ་ཙམ་ཡོད། དུས་ཐོག་དེར་རྩོམ་པ་ལེགས་པའི་ཚད་བྱེད་དུ་གྲགས།

language:
Tibetan

2. Thupten Phuntsok Dictionary

མདོ་སྨད་མར་ནང་ཚོ་ལྔར་ཐང་འཇའ་མོའི་རིགས་སུ་རབ་བྱུང་བཅུ་གསུམ་པའི་མེ་ཕག (༡༧༦༧) ལོར་འཁྲུངས། མཁན་ཆེན་དངོས་སློབ་བིས་པ་དགེ་བཤེས་ཤེས་རབ་བསྟན་འཛིན་གྱི་སྐུ་སྐྱེ་རུ་ངོས་བཟུང་། དགུང་ལོ་བཅུ་གསུམ་པ་ས་ཕག་ལོར་ཆོས་གྲྭར་ཞུགས། བདེ་ཆེན་པ་ཤེས་རབ་འོད་ཟེར་ལས་སུམ་རྟགས་དང་། ཨ་ཁྱུང་ངག་དབང་མཁྱེན་རབ་ལས་སྙན་ངག་བསླབས། ཤར་མཆོག་སྤྲུལ་རིན་པོ་ཆེ་སྐལ་ལྡན་དགེ་འདུན་འཕྲིན་ལས་རབ་རྒྱས་ནས་བསྙེན་པར་རྫོགས། མཁན་ཆེན་དྲུང་ཡིག་བློ་བཟང་རྒྱ་མཚོ་དང་། ཁྲི་རྒན་སྤྲུལ་སྐུ་ངག་དབང་འཇམ་དབྱངས་བཀྲ་ཤིས། ཚེ་མགོན་བླ་མ། དགོན་ལུང་དུ་ཝང་སྐལ་བཟང་ཡེ་ཤེས་དར་རྒྱས། ཞང་བ་སྒོམ་ཆེན་བློ་བཟང་ཟླ་བ་རྣམས་ལས་བཀའ་ཆོས་ཅི་རིགས་གསན། ཁྱད་པར་དུ་ཐུའུ་བཀྭན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མའི་དྲུང་དུ་སྔགས་ལུགས་ཐུན་མོང་མ་ཡིན་པའི་ཕྱག་རྒྱ་ཟབ་ཁྲིད་བཅས་ལེགས་པར་གསན། ཐུའུ་བཀྭན་གྱི་ཞལ་ནས། གུང་ཐང་སྤྲུལ་པའི་སྐུ་དང་འདི་པ་ལྟ་བུའི་མདོ་སྔགས་རིག་གནས་ཐམས་ཅད་ལ་མཁས་པ་དེང་སང་དཀོན་གསུངས། རོང་པོ་དུས་འཁོར་གྲྭ་ཚང་གསང་སྔགས་དར་རྒྱས་གླིང་གི་ཁྲིར་བཞུགས། རབ་བྱུང་བཅུ་པའི་མེ་ཡོས (༡༨༠༧) ལོར་རོང་པོ་ཚོགས་ཆེན་གྱི་ཁྲིར་ཕེབས། འོན་ཀྱང་འཆད་ཉན་གྱི་བདུད་རྩི་སྤྲོ་ཁོམ་མ་བྱུང་བར་ལོ་དེར་སྐུ་གཤེགས། ཕྱག་རྩོམ་ཤར་སྤྲུལ་པའི་སྐུ་དགེ་འདུན་འཕྲིན་ལས་རབ་རྒྱས་ཀྱི་རྣམ་ཐར་དང་། རྩིས་གཞུང་མཁས་པའི་སྙིང་ནོར་སོགས་པོ་ཏི་གསུམ་ཙམ་ཡོད། དུས་ཐོག་དེར་རྩོམ་པ་ལེགས་པའི་ཚད་བྱེད་དུ་གྲགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་གསུམ་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ 1767 ལོར་མདོ་སྨད་མར་ནང་ཚོ་ལྔར་བིས་ཐང་འཇའ་མོའི་རིགས་སུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ 1807 ལོར་སྐུ་གཤེགས། དགུང་ལོ་ཆུང་དུས་ནས་བིས་པ་དགེ་བཤེས་ཤེས་རབ་བསྟན་འཛིན་གྱི་སྐུ་སྐྱེ་རུ་ངོས་འཛིན་མཛད། དགུང་ལོ་བཅུ་གསུམ་པར་ཆོས་གྲྭར་ཞུགས། བདེ་ཆེན་པ་ཤེས་རབ་འོད་ཟེར་ལས་སུམ་རྟགས་དག་གསུམ་དང་། ཨ་ཁྱུང་ངག་དབང་མཁྱེན་རབ་ལས་སྙན་ངག་དང་མངོན་བརྗོད་བཅས་ལ་ལེགས་པར་སྦྱངས། ཤར་སྐལ་ལྡན་[1083]དགེ་འདུན་འཕྲིན་ལས་རབ་རྒྱས་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། མཁན་ཆེན་དྲུང་ཡིག་བློ་བཟང་རྒྱ་མཚོ་དང་། ཁྲི་རྒན་སྤྲུལ་སྐུ་ངག་དབང་འཇམ་དབྱངས་བཀྲ་ཤིས། ཚེ་མགོན་བླ་མ། དགོན་ལུང་གི་ཝང་བསྐལ་བཟང་ཡེ་ཤེས་དར་རྒྱས། ཞང་བ་སྒོམ་ཆེན་བློ་བཟང་ཟླ་བ་རྣམས་སློབ་དཔོན་དུ་བསྟེན་ནས་མདོ་སྔགས་གཉིས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད། ཁྱད་པར་དུ་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་ལས་ཐུན་མོང་མ་ཡིན་པའི་ཕྱག་རྒྱ་ཟབ་ཁྲིད་བཅས་ལེགས་པ་གསན། དེ་ནས་རོང་བོ་དགོན་གྱི་དུས་འཁོར་གྲྭ་ཚང་གསང་སྔགས་དར་རྒྱས་གླིང་གི་ཁྲིར་བཞུགས། དགུང་ལོ་བཞི་བཅུ་ཐམ་པར་རོང་བོ་དགོན་གྱི་ཚོགས་ཆེན་ཁྲི་པ་མཛད། འོན་ཀྱང་འཆད་ཉན་དང་ཀུན་སྤྱོད་བསྐྱང་ཁོམ་མ་བྱུང་བར་ལོ་དེར་སྐུ་གཤེགས། ཁོང་གི་གསུང་རྩོམ་ནི《ཤར་སྐལ་ལྡན་འཕྲིན་ལས་རབ་རྒྱས་ཀྱི་རྣམ་ཐར》དང་། 《ལེགས་བཤད་སྦྲང་རྩིའི་སྙིང་པོ》། 《ཕྱག་ཆེན་གངྒཱ་མའི་འགྲེལ་བ》། 《དྲི་ལན་དོན་གསལ་མེ་ལོང་》། 《འཕྲིན་ཡིག་གི་རྣམ་གཞག་བློ་གྲོས་སྒོ་འབྱེད》། 《རྩིས་ཀྱི་བསྟན་བཅོས་མཁས་པའི་སྙིང་ནོར་ཆ་ལག》 བཅས་ཆོས་ཚན་ཆེ་ཆུང་བཞི་བཅུ་ཞེ་བཞི་ཡོད་པ་པོད་གསུམ་དུ་བསྡུས་ནས་བཞུགས་སོ། །

language:
Tibetan