Skip to main content Skip to search
bud med kyis skye bo chags par byed pa'i sgyu rtsal sum cu so brgyad
ID:
T237614
  • བུད་མེད་ཀྱིས་སྐྱེ་བོ་ཆགས་པར་བྱེད་པའི་སྒྱུ་རྩལ་སུམ་ཅུ་སོ་བརྒྱད (Tibetan, Tibetan script, Original)
    • > bud med kyis skye bo chags par byed pa'i sgyu rtsal sum cu so brgyad (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bümé kyi kyewo chakpar jepé gyutsal sumchu so gyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བཞིན་ཕྱེད་འགེབས་པ། ནུ་མ་མཁྲང་བ་སྟོན་པ། འཛུམ་ཞིང་སོའི་ཕྲེང་བ་སྟོན་པ། བྱ་རྨྱང་བྱེད་ཅིང་མཆན་ཁུང་སྟོན་པ། མཆུ་བུམ་པ་ལྟར་དམར་སྟོན་པ། མིག་ཕྱེད་བཙུམས་ནས་བལྟ་ཞིང་མྱུར་བར་འཛུམ་པ། ནུ་མ་ཕྱེད་གཡོག་པ། གོས་བསྙིལ་བར་བྱེད་པ། སྐེད་པ་སྟོན་པ། གོས་ཤེལ་ལྟར་མི་བསྒྲིབ་པ་གྱོན་པ། རྐང་གདུབ་ཀྱི་སྒྲ་འབྱིན་པ། ནུ་མའི་བར་ནས་ཕྲེང་བ་སྟོན་པ། བརླ་ཕྱེད་ཙམ་སྟོན་པ། མགོ་དང་ཕྲ་བ་ལ་བྱ་ནེ་ཙོ་ལ་སོགས་པའི་མཚན་ལ་བཀྲ་བ་སྟོན་པ། མིག་ཟུར་གྱིས་བལྟ་བ། གོས་ལེགས་པར་མ་བགོས་པ་ལྟ་བུར་བཅོས་པ། སྐེད་པ་ནས་གསེར་གྱི་རྒྱན་བསྐྱོད་པ། འཕྲུལ་བ་ལྟར་བཅོས་ཏེ་ཕན་ཚུན་དུ་འགྲོ་བ། གར་བྱེད་པ། སྒེག་ཅིང་ངོ་ཚ་བ་ལྟར་བཅོས་པ། ཆུ་ཤིང་རླུང་གིས་བསྐྱོད་པ་ལྟར་བརླ་འགུལ་བ། བརྗིད་པའི་སྒྲ་འབྱིན་པ། སེང་རས་བགོས་ཤིང་བགོད་ཅིང་ཆགས་པ། གོས་རྒྱན་འདོར་ཞིང་ངོ་ཚ་བ་ལྟར་ལེན་པ། མཛེས་པའི་ཤ་བཀྲ་དང་གསང་བ་སྟོན་པ། སྤོས་ཀྱི་བཀུས་པ། མཁུར་ཚོས་ལ་ཚོན་བྱུག་པ་རྣ་ཆ་སྟོན་པ། ཁ་ཅིག་སྔོན་རྩེས་རྩེས་པས་ངོ་ཚ་བ་ལྟར་འདུག་པ། བུ་མོ་ཉམས་པ་དང་བུ་མ་བཙས་པ་དང་ན་ཆུང་ཚད་བབས་ཀྱི་གཟུགས་སྟོན་པ། མེ་ཏོག་འཐོར་བ་དང་སྟོབས་པ་དང་སུམ་ཅུ་སོ་བརྒྱད་དོ། འདི་དག་ཆེད་དུ་མ་བསླབས་ཀྱང་བག་ཆགས་ཀྱི་དབང་གིས་ཤེས་སོ་ཞེས་བོད་ཀྱི་བསྟན་བཅོས་རྣམས་སུ་གསལ།

language:
Tibetan

2. Thupten Phuntsok Dictionary

བཞིན་ཕྱེད་འགེབས་པ། ནུ་མ་མཁྲང་བ་སྟོན་པ། འཛུམ་ཞིང་སོའི་ཕྲེང་བ་སྟོན་པ། བྱ་རྨྱང་བྱེད་ཅིང་མཆན་ཁུང་སྟོན་པ། མཆུ་བིམ་པ་ལྟར་དམར་བ་སྟོན་པ། མིག་ཕྱེད་བཙུམས་ནས་བལྟ་ཞིང་མྱུར་བར་འཛུམ་པ། ནུ་མ་ཕྱེད་གཡོག་པ། གོས་བསྙིལ་བར་བྱེད་པ། སྐེད་པ་སྟོན་པ། གོས་ཤེལ་ལྟར་མི་བསྒྲིབ་པ་གྱོན་པ། རྐང་གདུབ་ཀྱི་སྒྲ་འབྱིན་པ། ནུ་མའི་བར་ནས་ཕྲེང་བ་སྟོན་པ། བརླ་ཕྱེད་ཙམ་སྟོན་པ། མགོ་དང་པྲ་བ་ལ་བྱ་ནེ་ཙོ་ལ་སོགས་པའི་མཚན་མ་བཀྲ་བ་སྟོན་པ། མིག་ཟུར་གྱིས་བལྟ་བ། གོས་ལེགས་པར་མ་བགོས་པ་ལྟ་བུར་བཅོས་པ། སྐེད་པ་ནས་གསེར་གྱི་རྒྱན་བསྐྱོད་པ། འཕྲུལ་བ་ལྟར་བཅོས་ཏེ་ཕན་ཚུན་དུ་འགྲོ་བ། གར་བྱེད་པ། སྒེག་ཅིང་ངོ་ཚ་བ་ལྟར་བཅོས་པ། ཆུ་ཤིང་རླུང་གིས་བསྐྱོད་པ་ལྟར་བརླ་འགུལ་བ། བརྗིད་པའི་སྒྲ་འབྱིན་པ། སེང་རས་བགོས་ཤིང་བགོད་ཅིང་ཆགས་པ། གོས་རྒྱན་འདོར་ཞིང་ངོ་ཚ་བ་ལྟར་ལེན་པ། མཛེས་པའི་ཤ་བཀྲ་དང་གསང་བ་སྟོན་པ། སྤོས་ཀྱིས་བཀུས་པ། མཁུར་ཚོས་ལ་ཚོན་བྱུག་པ་རྣ་ཆ་སྟོན་པ། མགོ་རང་བཞིན་གཡོགས་ཤིང་སྐད་ཅིག་ཙམ་སྟོན་པ། ཁ་ཅིག་སྟོན་རྩེས་རྩེས་པས་ངོ་ཚ་བ་ལྟར་འདུག་པ བུ་མོ་མ་ཉམས་པ་དང་བུ་མ་བཙས་པ་དང་ན་ཆུང་ཚད་བབས་ཀྱི་གཟུགས་སྟོན་པ། མེ་ཏོག་འཐོར་བ་དང་སྟོབས་པ་དང་སུམ་ཅུ་སོ་བརྒྱད་དོ། །འདི་དག་ཆེད་དུ་མ་བསླབས་ཀྱང་བག་ཆགས་ཀྱི་དབང་གིས་ཤེས་སོ་ཞེས་བོད་ཀྱི་བསྟན་བཅོས་རྣམས་སུ་གསལ།

language:
Tibetan