- bud med mkhas pa'i rang bzhin can la ma 'dres pa'i chos lnga
- ID:
- T237615
- བུད་མེད་མཁས་པའི་རང་བཞིན་ཅན་ལ་མ་འདྲེས་པའི་ཆོས་ལྔ (Tibetan, Tibetan script, Original)
- > bud med mkhas pa'i rang bzhin can la ma 'dres pa'i chos lnga (Tibetan, Latin script, Transliteration-THL Extended Wylie Transliteration)
- > bümé khepé rangshyin chen la madrepé chö nga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སངས་རྒྱས་ཆོས་ལུགས་ཀྱི་འདུལ་བའི་གླེང་གཞིས་ལས། བུད་མེད་མཁས་པའི་རང་ཞིན་ཅན་ལ་སྤྱིར་བཏང་གི་བུད་མེད་དང་མི་འདྲ་བའི་ཁྱད་ཆོས་ལྔ་ཡོད་པར་གསུངས་ཤིང་། མ་འདྲེས་པའི་ཆོས་ལྔ་ནི། ༡.དུས་ཤེས་ཤིང་ཟླ་མཚན་ཤེས་པ་སྟེ་ཕྲུ་གུ་ཆགས་པའི་དུས་དང་ཟླ་མཚན་འབབ་པའི་དུས་ཚོད་ཤེས་པ། ༢.སྐྱེས་པ་ཆགས་པ་ཤེས་ཤིང་ཆགས་པ་དང་བྲལ་བར་ཤེས་པ་སྟེ་སྐྱེས་པ་དང་མཉམ་དུ་འདོད་པ་སྤྱོད་པའི་དུས་ལ་བབས་མིན་ཤེས་པ། ༣.གང་ལས་མངལ་ན་ཞུགས་པ་ཤེས་པ་སྟེ་ཕྲུ་གུ་དེ་གང་ལས་འབྱུང་བའི་ཕ་སུ་ཡིན་པ་ཤེས་པ། ༤.གང་གིས་དུས་སུ་མངལ་ན་ཞུགས་པ་ཤེས་པ་སྟེ་ལུས་ལ་ཕྲུ་གུ་འཁོར་བའི་དུས་དང་ཟླ་ཚེས་ཤེས་པ། ༥.ཁྱེའུ་ཤེས་ཤིང་བུ་མོ་ཤེས་པ་སྟེ་རང་གི་ལུས་ལ་འཁོར་བའི་ཕྲུ་གུ་བུ་དང་བུ་མོ་གང་ཡིན་ཤེས་པ་བཅས་ཡིན་པར་གསུངས།
- language:
- Tibetan
2. Thupten Phuntsok Dictionary
སངས་རྒྱས་ཆོས་ལུགས་ཀྱི་འདུལ་བའི་གླེང་གཞི་ལས། བུད་མེད་མཁས་པའི་རང་བཞིན་ཅན་ལ་སྤྱིར་བཏང་གི་བུད་མེད་དང་མི་འདྲ་བའི་ཁྱད་ཆོས་ལྔ་ཡོད་པར་གསུངས་ཤིང་། མ་འདྲེས་པའི་ཆོས་ལྔ་ནི། ༡དུས་ཤེས་ཤིང་ཟླ་མཚན་ཤེས་པ་སྟེ་ཕྲུ་གུ་ཆགས་པའི་དུས་དང་ཟླ་མཚན་འབབ་པའི་དུས་ཚོད་ཤེས་པ། ༢ སྐྱེས་པ་ཆགས་པ་ཤེས་ཤིང་ཆགས་པ་དང་བྲལ་བར་ཤེས་པ་སྟེ་སྐྱེས་པ་དང་མཉམ་དུ་འདོད་པ་སྤྱོད་པའི་དུས་ལ་བབས་མིན་ཤེས་པ། ༣ གང་ལས་མངལ་ན་ཞུགས་པ་ཤེས་པ་སྟེ་ཕྲུ་གུ་དེ་གང་ལས་འབྱུང་བའི་ཕ་སུ་ཡིན་ཤེས་པ། ༤ གང་གི་དུས་སུ་མངལ་ན་ཞུགས་པ་ཤེས་པ་སྟེ་ལུས་ལ་ཕྲུ་གུ་འཁོར་བའི་དུས་དང་ཟླ་ཚེས་ཤེས་པ། ༥ ཁྱེའུ་ཤེས་ཤིང་བུ་མོ་ཤེས་པ་སྟེ་རང་གི་ལུས་ལ་འཁོར་བའི་ཕྲུ་གུ་དེ་བུ་དང་བུ་མོ་གང་ཡིན་ཤེས་པ་བཅས་ཡིན་པར་གསུངས།
- language:
- Tibetan