Skip to main content Skip to search
bum pa'i chas bcu
ID:
T237650
  • བུམ་པའི་ཆས་བཅུ (Tibetan, Tibetan script, Original)
    • > bum pa'i chas bcu (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bumpé ché chu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཡུམ་གྱི་སྐབས་སུ། བུམ་པའི་ཆས་བཅུ་ནི། ཇི་སྐད་དུ། བུམ་དབང་ཆས་བཅུ་མ་འཛོམས་ན། ཡེ་ཤེས་སེམས་དཔའ་ཕེབས་མི་འགྱུར། རྒྱུའི་རྣམ་པར་མི་རྟོག་པས། སྔགས་སྒོ་ཅུང་ཙམ་མ་མཐོང་ངོ་། ཞེས་དང་། ༡.གྲུབ་པར་བྱེད་པའི་ཚོགས་འཁོར་ཆས། ༢.བཀོལ་ཉན་དུས་རུང་འཁོར་གྱི་ཆས། ༣.བར་ཆད་བསྲུངས་པ་མཚམས་ཀྱི་ཆས། ༤.ལ་ཉེ་བརྟགས་པ་སྟ་གོན་ཆས། ༥.དམིགས་རྟེན་བཅའ་བ་དམ་གྱི་ཆས། ༦.ཞུ་སྤོབས་ལྡན་པ་ལས་གྱི་ཆས། ༧.ཡོན་ཏན་འཛོམས་པ་ཡུམ་གྱི་ཆས། ༨.ཕྱག་རྒྱ་བསྒྱུར་བ་གར་གྱི་ཆས། ༩.སྟངས་སྟབས་འགྱིང་བ་གིང་གི་ཆས། ༡༠.བྱེད་བྲག་ཕྱེད་པ་རོལ་མོའི་ཆས། ཐོས་ཆུང་རྨོངས་པས་གནད་མི་ཤེས། གསང་སྔགས་མཁན་པོ་ལག་ལེན་རྡུག ཅེས་གསུངས་སོ།

language:
Tibetan

2. Thupten Phuntsok Dictionary

ཡུམ་གྱི་སྐབས་སུ། བུམ་པའི་ཆས་བཅུ་ནི། ཇི་སྐད་དུ། བུམ་དབང་ཆས་བཅུ་མ་འཛོམས་ན། །ཡེ་ཤེས་སེམས་དཔའ་ཕེབས་མི་འགྱུར། རྒྱུ་ཡི་རྣམ་པར་མི་རྟོག་པས། སྔགས་སྒོ་ཅུང་ཙམ་མ་མཐོང་ངོ་། །ཞེས་དང་། ༡གྲུབ་པར་བྱེད་པ་ཚོགས་འཁོར་ཆས། །༢ བཀོལ་ཉན་དུས་རུང་འཁོར་གྱི་ཆས། །༣ བར་ཆད་བསྲུངས་པ་མཚམས་ཀྱི་ཆས། །༤ ལ་ཉེ་བརྟགས་པ་སྟ་གོན་ཆས། །༥ དམིགས་རྟེན་བཅའ་བ་དམ་གྱི་ཆས། །༦ ཞུ་སྤོབས་ལྡན་པ་ལས་ཀྱི་ཆས། །༧ ཡོན་ཏན་འཛོམས་པ་ཡུམ་གྱི་ཆས། །༨ ཕྱག་རྒྱ་བསྒྱུར་བ་གར་གྱི་ཆས། །༩ སྟངས་སྟབས་འགྱིང་བ་གིང་གི་ཆས། །༡༠ བྱེ་བྲག་ཕྱེད་པ་རོལ་མོའི་ཆས། །ཐོས་ཆུང་རྨོངས་པས་གདན་མི་ཤེས། །གསང་སྔགས་མཁན་པོ་ལག་ལེན་རྡུག །ཅེས་གསུངས་སོ། །

language:
Tibetan