- bai ro tsa na rak+Shi ta
- ID:
- T237692
- བཻ་རོ་ཙ་ན་རཀྵི་ཏ (Tibetan, Tibetan script, Original)
- > bai ro tsa na rak+Shi ta (Tibetan, Latin script, Transliteration-THL Extended Wylie Transliteration)
- > bairotsana rakshita (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ཉིད་ཡབ་རྒྱལ་པོ་ས་ཙ་ན་དང་ཡུམ་སྐལ་བ་བཟང་མོ་གཉིས་ཀྱི་སྲས་སུ་རྒྱ་གར་ལྷོ་ཕྱོགས་ཀོ་ས་ལའི་གྲོང་ཁྱེར་སོ་མ་པཱུ་རིར་འཁྲུངས། དགུང་ལོ་བཅུ་གཉིས་ལ་ཕེབས་སྐབས་ཞང་པོ་མུ་སྟེགས་པའི་པཎྜི་ཏ་ཞིག་ཡོད་པ་དེའི་ཕྱིར་འབྲངས་ཏེ་སློབ་གཉེར་མཛད། དེ་ནས་རྒྱ་གར་ནུབ་ཕྱོགས་དང་ཤར་ཕྱོགས་སོགས་ས་ཆ་མང་པོར་བྱོན་ཏེ་བླ་མ་མང་དུ་བསྟེན་ནས་འཇམ་དཔལ་དཔའ་བོ་གཅིག་པ་དང་། ཨ་མ་ན་སི། དོ་ཧ། དགྱེས་པ་རྡོ་རྗེའི་གདམས་ངག་དང་བཅུད་ལེན་གྱི་མན་ངག ཕ་རོལ་ཏུ་ཕྱིན་པ། དབུ་མ་རིགས་ཚོགས། ཕ་རྒྱུད་གསང་འདུས་ལ་སོགས་པའི་ཆོས་ཁང་མང་དུ་གསན་ནས་མཁྱེན་པ་ཆེན་པོར་གྱུར་ཀྱང་གསང་ཞིང་ཁེངས་སྐྱུང་ཁོ་ན་མཛད། ཡུལ་ཉི་ཤུ་རྩ་བཞི་ལས་མ་བྱོན་པ་དབུ་རྒྱན་ལས་མེད། དེ་བོད་དུ་བྱོན་ཏེ་རྒྱལ་པོའི་མཆོད་གནས་བཅོལ། དེ་ལྟར་བོད་དུ་ལན་ལྔ་བྱོན་ཏེ་དབུས་གཙང་གི་ས་ཆ་སྟོད་སྨད་མང་པོར་ཕེབས། འཕན་ཡུལ་གྱི་རྒྱལ་དུ་ཡུན་རིང་བཞུགས། དོ་ཧ་ལ་སོགས་པའི་འགྱུར་ཡང་མཛད། དོ་ཧ་སྐོར་གསུམ་ག་འདིའི་ཆོས་ཡིན། འདི་ཉིད་ཀྱི་སློབ་མ་སྟོད་དུ་སྤྲུལ་སྐུ་ཟླ་བ་འོད་ཟེར། གཙང་དུ་རིན་པོ་ཆེ་རྒྱལ་ཚ། དབུས་སུ་ཞང་རིན་པོ་ཆེ་སོགས་ཡོད། གྲུབ་ཐོབ་ཆེན་པོ་འདི་ཉིད་མཐར་འོན་གྱི་སྒང་ཁར་མྱ་ངན་ལ་འདའ་བའི་ཚུལ་བསྟན་ཏོ།
- language:
- Tibetan
2. Thupten Phuntsok Dictionary
འདི་ཉིད་ཡབ་རྒྱལ་པོ་ས་ཙ་ན་དང་ཡུམ་སྐལ་བ་བཟང་མོ་གཉིས་ཀྱི་སྲས་སུ་རྒྱ་གར་ལྷོ་ཕྱོགས་ཀོ་ས་ལའི་གྲོང་ཁྱེར་སོ་མ་པཱུ་རིར་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་ལ་ཕེབས་སྐབས་ཞང་པོ་མུ་སྟེགས་པའི་པཎྜི་ཏ་ཞིག་ཡོད་པ་དེའི་ཕྱིར་འབྲངས་ཏེ་སློབ་གཉེར་མཛད། དེ་ནས་རྒྱ་གར་ནུབ་ཕྱོགས་དང་ཤར་ཕྱོགས་སོགས་ས་ཆ་མང་པོར་བྱོན་ཏེ་བླ་མ་མང་དུ་བསྟེན་ནས་འཇམ་དཔལ་དཔའ་བོ་གཅིག་པ་དང་། ཨ་མ་ན་སི། དོ་ཧ། དགྱེས་པ་རྡོ་རྗེའི་གདམས་ངག་དང་བཅུད་ལེན་གྱི་མན་ངག ཕ་རོལ་ཏུ་ཕྱིན་པ། དབུ་མ་རིགས་ཚོགས། ཕ་རྒྱུད་གསང་འདུས་ལ་སོགས་པའི་ཆོས་མང་དུ་གསན་ནས་མཁྱེན་པ་ཆེན་པོར་གྱུར་ཀྱང་གསང་ཞིང་ཁེངས་སྐྱུང་ཁོ་ན་མཛད། ཡུལ་ཉི་ཤུ་རྩ་བཞི་ལས་མ་བྱོན་པ་དབུ་རྒྱན་ལས་མེད། དེ་ནས་བོད་དུ་བྱོན་ཏེ་རྒྱལ་པོའི་མཆོད་གནས་བཅོལ། དེ་ལྟར་བོད་དུ་ལན་ལྔ་བྱོན་ཏེ་དབུས་གཙང་གི་ས་ཆ་སྟོད་སྨད་མང་པོར་ཕེབས། འཕན་ཡུལ་གྱི་རྒྱལ་དུ་ཡུན་རིང་བཞུགས། དོ་ཧ་ལ་སོགས་པའི་འགྱུར་ཡང་མཛད། དོ་ཧ་སྐོར་གསུམ་ག་འདིའི་ཆོས་ཡིན། འདི་ཉིད་ཀྱི་སློབ་མ་སྟོད་དུ་སྤྲུལ་སྐུ་ཟླ་བ་འོད་ཟེར། གཙང་དུ་རིན་པོ་ཆེ་རྒྱལ་ཚ། དབུས་སུ་ཞང་རིན་པོ་ཆེ་སོགས་ཡོད། གྲུབ་ཐོབ་ཆེན་པོ་འདི་ཉིད་མཐར་འོན་གྱི་སྒང་ཁར་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །
- language:
- Tibetan