- bai ro tsa na'i dka' ba bcu drug
- ID:
- T237693
- བཻ་རོ་ཙ་ནའི་དཀའ་བ་བཅུ་དྲུག (Tibetan, Tibetan script, Original)
- > bai ro tsa na'i dka' ba bcu drug (Tibetan, Latin script, Transliteration-THL Extended Wylie Transliteration)
- > bairotsané kawa chudruk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཐུགས་རྗེ་ལྡན་པའི་ཁྲི་སྲོང་ལྡེ་བཙན་གྱིས། མན་ངག་ཚོལ་བར་ཀུན་ལ་བསྒོས་པའི་ཚེ། བཙལ་བས་མ་རྙེད་མཐའ་འཁོབ་འཇིགས་པའི་སར། ཀུན་གྱི་ཁས་ལེན་མ་ནུས་བླངས་ཏེ་དཀའ། དེ་ནས་བདག་ཉིད་ལམ་དུ་ཞུགས་ཙ་ན། སྐད་རིགས་མི་མཐུན་གཅན་བཕྲང་འཇིགས་པའི་སར། མཚོན་པའི་ལམ་མཁན་མེད་པར་དེར་ཕྱིན་པར། ཀར་ལ་ལ་ཐོག་ཁ་བ་བྱུང་བའི་ཚེ། གོམ་གང་འགྲིལ་ན་འཆི་བར་ཕྱིན་པ་ལ། དོ་ཤི་དོ་ཆད་བྱས་ཏེ་ཕྱིན་པར་དཀའ། ཚ་བ་རོང་གི་གནོད་སྦྱིན་གཏུམ་པོ་ཡིས། མི་འདུག་དབང་མེད་མཚན་གཅིག་འདུག་པ་ལ། གནོད་སྦྱིན་ཤ་རྗེན་ཟ་ལས་ཐར་དུ་དཀའ། རྗེས་སྦ་དཀའ་བའི་བལ་ཡུལ་ཁ་བ་ལ། གཅན་གཟན་ཚུལ་བཞིན་གཟུགས་བཞི་བཙུག་ནས་སུ། ཉིན་ཡིབ་མཚན་འགྲོས་བྱས་ནས་ཕྱིན་ཏེ་དཀའ། བྲག་ར་སྨུག་པོར་རྐང་ཕྲན་ཚོགས་གནས་སར། རྐང་ཕྲན་ཚོགས་ཀྱིས་ཐམས་ཅད་ཟ་བ་ལས། རྫུ་འཕྲུལ་བསྟན་པས་མ་ཟོས་ཐར་བ་དཀའ། གཟུར་ས་མེད་པའི་རྒྱ་གར་འཕྲང་ལ་ཕྱིན། ཁྲིམས་ཀྱི་བཕྲང་སྲུང་གསོད་པར་ངེས་པ་ལས། རྫུ་འཕྲུལ་ཁྲིམས་ཀྱིས་བྲིད་དེ་ཐར་བ་དཀའ། གཟུར་མེད་བགེགས་འཕྲང་ལམ་ལ་ཕྱིན་པའི་ཚེ། བརྡ་འཕྲད་དཀའ་བའི་འཕྲང་སྲུང་མི་དང་འཕྲད། འོད་མའི་རལ་གྲི་བཏུང་སྟེ་ཐར་བ་དཀའ། ཆུ་འཕྲང་ཤིང་འཕྲང་འཇིགས་སྐྲག་སྐྱི་བུང་སར། མཚུལ་འུ་བྱ་གདོང་ཤི་ནས་ཅེ་སྤྱང་ཚོགས། ཤ་ཟའི་ངར་སྐད་འཇིགས་ལས་ཐར་དུ་དཀའ། མ་ག་ཏའི་གཅན་འཕྲང་འཇིགས་པའི་སར། བརྡ་འཕྲད་དཀའ་བའི་མཐའ་མི་གསེར་འདོད་ཀྱིས། གསེལ་ཚོལ་ཉ་སུལ་བཀྲོལ་ལས་ཐར་ཏེ་དཀའ། ཀྲི་ཡ་ཀྲིག་ཤའི་ཡུལ་དུ་ཕྱིན་པ་ལས། མཐའ་ཡི་སོ་པ་རྟོགས་མི་བྱུང་ཟེར་ནས། འཇིགས་པའི་སྦྲུལ་དོང་བཅུག་ནས་ཐར་ཏེ་དཀའ། པྲ་སུ་ཏ་དང་བྷི་བྷི་གླིང་ཕྱིན་ནས། སྦྲུལ་གདུག་དོམ་དང་རྒྱལ་པོའི་འཇིགས་པ་ལས། ཞག་དྲུག་དོ་ཤི་བྱས་ལས་ཐར་དུ་དཀའ། མ་ག་ཏའི་ཡུལ་དུ་ཕྱིན་པ་ལས། ཐར་བར་དཀའ་བའི་དུག་གི་རྒྱ་མཚོ་ལས། རས་ལ་གཟིངས་བཅས་དོ་ཤི་ཐར་ཏེ་དཀའ། ཨ་ཝ་ཏའི་གླིང་དུ་ཕྱིན་པ་ལས། མཐའ་ཡི་མོན་པས་ཁོ་ཐག་མ་ཆོད་པས། དབྱུག་པས་ཆར་བཞིན་བརྡུང་ལས་ཐར་ཏེ་དཀའ། ཨེ་བ་ཨེ་ཤའི་ཡུལ་དུ་བུད་མེད་ཚོགས། མང་པོས་ཟས་ལ་དུག་རིགས་མང་བསླད་ནས། ཐར་བར་དཀའ་བའི་དུག་ལས་ཐར་ཏར་དཀའ།
- language:
- Tibetan
2. Thupten Phuntsok Dictionary
ཐུགས་རྗེ་ལྡན་པའི་ཁྲི་སྲོང་ལྡེའུ་བཙན་གྱིས། །མན་ངག་ཚོལ་བར་ཀུན་ལ་བསྒོས་པའི་ཚེ། །བཙལ་བས་མ་རྙེད་མཐའ་འཁོབ་འཇིགས་པའི་སར། །ཀུན་གྱིས་ཁས་ལེན་མ་ནུས་བླངས་ཏེ་དཀའ། །དེ་ནས་བདག་ཉིད་ལམ་དུ་ཞུགས་ཙ་ན། །སྐད་རིགས་མི་མཐུན་གཅན་འཕྲང་འཇིགས་པའི་སར། །མཚོན་པའི་ལམ་མཁན་མེད་པར་དེར་ཕྱིན་པར། །ཀར་ལ་ལ་ཐོག་ཁ་བ་བྱུང་བའི་ཚེ། །གོམ་གང་འགྲིལ་ན་འཆི་བར་ཕྱིན་པ་ལ། །དོ་ཤི་དོ་ཆད་བྱས་ཏེ་ཕྱིན་པར་དཀའ། །ཚ་བ་རོང་གི་གནོད་སྦྱིན་གཏུམ་པོ་ཡིས། །མི་འདུག་དབང་མེད་མཚན་གཅིག་འདུག་པ་ལ། །གནོད་སྦྱིན་ཤ་རྗེན་ཟ་ལས་ཐར་དུ་དཀའ། །རྗེས་སྦ་དཀའ་བའི་བལ་ཡུལ་ཁ་བ་ལ། །གཅན་གཟན་ཚུལ་བཞིན་གཟུགས་བཞི་བཙུག་ནས་སུ། །ཉིན་ཡིབ་མཚན་འགྲོས་བྱས་ནས་ཕྱིན་ཏེ་དཀའ། །བྲག་ར་སྨུག་པོར་རྐང་ཕྲན་ཚོགས་གནས་སར། །རྐང་ཕྲན་ཚོགས་ཀྱིས་ཐམས་ཅད་ཟ་བ་ལས། །རྫུ་འཕྲུལ་བསྟན་པས་མ་ཟོས་ཐར་བ་དཀའ། །གཟུར་ས་མེད་པའི་རྒྱ་གར་འཕྲང་ལ་ཕྱིན། །ཁྲིམས་ཀྱི་འཕྲང་སྲུང་གསོད་པར་ངེས་པ་ལས། །རྫུ་འཕྲུལ་ཁྲིམས་ཀྱིས་བྲིད་དེ་ཐར་བ་དཀའ། །གཟུར་མེད་བགེགས་འཕྲང་ལམ་ལ་ཕྱིན་པའི་ཚེ། །བརྡ་འཕྲད་དཀའ་བའི་འཕྲང་སྲུང་མི་དང་འཕྲད། །འོད་མའི་རལ་གྲི་བཏུང་སྟེ་ཐར་བ་དཀའ། །ཆུ་འཕྲང་ཤིང་འཕྲང་འཇིགས་སྐྲག་སྐྱི་བུང་སར། །མཚལ་འུ་བྱ་གདོང་ཤི་ནས་ཅེ་སྤྱང་ཚོགས། །ཤ་ཟའི་ངར་སྐད་འཇིགས་ལས་ཐར་དུ་དཀའ། །མ་ག་ཏ་ཡི་གཅན་འཕྲང་འཇིགས་པའི་སར། །བརྡ་འཕྲད་དཀའ་བའི་མཐའ་མི་གསེར་འདོད་ཀྱིས། །གསེར་ཚོལ་ཉ་སུལ་བཀྲོལ་ལས་ཐར་ཏེ་དཀའ། །ཀྲི་ཡ་ཀྲིག་ཤའི་ཡུལ་དུ་ཕྱིན་པ་ལས། །མཐའ་ཡི་སོ་པ་རྟོགས་མི་བྱུང་ཟེར་ནས། །འཇིགས་པའི་སྦྲུལ་དོང་བཅུག་ནས་ཐར་ཏེ་དཀའ། །པྲ་སུ་ཏ་དང་བྷི་བྷི་གླིང་ཕྱིན་ནས། །སྦྲུལ་གདུག་དོམ་དང་རྒྱལ་པོའི་འཇིགས་པ་ལས། །ཞག་དྲུག་དོ་ཤི་བྱས་ལས་ཐར་དུ་དཀའ། །མ་ག་ཏ་ཡི་ཡུལ་དུ་ཕྱིན་པ་ལས། །ཐར་བར་དཀའ་བའི་དུག་གི་རྒྱ་མཚོ་ལས། །རས་ལ་གཟིངས་བཅས་དོ་ཤི་ཐར་ཏེ་དཀའ། །ཨ་ཝ་ཏ་ཡི་གླིང་དུ་ཕྱིན་པ་ལས། །མཐའ་ཡི་མོན་པས་ཁོ་ཐག་མ་ཆོད་པས། །དབྱུག་པས་ཆར་བཞིན་བརྡུང་ལས་ཐར་ཏེ་དཀའ། །ཨཱརྱ་པ་ལོ་ཀྲི་ཀའི་ཡུལ་ཕྱིན་ཏེ། །ཨེ་བ་ཨེ་ཤའི་ཡུལ་དུ་བུད་མེད་ཚོགས། །མང་པོས་ཟས་ལ་དུག་རིགས་མང་བསླད་ནས། །ཐར་བར་དཀའ་བའི་དུག་ལས་ཐར་ཏེ་དཀའོ། །
- language:
- Tibetan