- bong ba ri
- ID:
- T237716
- བོང་བ་རི (Tibetan, Tibetan script, Original)
- > bong ba ri (Tibetan, Latin script, Transliteration-THL Extended Wylie Transliteration)
- > bongwa ri (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ལྷ་སའི་ལྕགས་པོ་རིའི་ནུབ་ངོས་ཀྱི་ཡོད་པའི་རི་ཆུང་སྟག་མོ་ཚང་ལ་འཛུལ་བ་འདྲ་བའི་སྟེང་དུ་རྒྱ་བཟོའི་ལྷ་ཁང་ཞིག་ཡོད་པ་དེ་ནི་རྒྱའི་ལོ་རྒྱུས་ཐོག་གི་དྲག་དཔོན་ཀོན་ཡུན་ཆང(བོད་ཡིག་གི་གསོལ་མཆོད་ནང་སྤྲིན་རིང་རྒྱལ་པོ་ཟེར)གསོལ་མཆོད་བྱེད་ས་ཡིན། རྒྱུན་དུ་མི་ཚོས་གེ་སར་ལྷ་ཁང་ཟེར་ཡང་དོན་དུ་གེ་སར་མ་ཡིན་པ་རྒྱའི་ཀོན་ཏིས་ཞེས་པ་ཡིན། ལྷ་ཁང་དེ་ནི་རབ་བྱུང་བཅུ་གསུམ་པའི་ཆུ་བྱི(༡༧༩༢)ལོ་ཆིང་གོང་མ་ཆན་ལུང་ཁྲི་ལོ་བདུན་པའི་སྐབས་སུ་གོར་ཥས་བོད་ལ་བཙན་འཛུལ་བྱས་པ་མཐར་སྤྲོད་གཏོང་མཁན་གོང་མའི་དཔོན་རིགས་ཀྲུང་ཐང་ཕུའུ་ཁང་ཨན་གྱི་འདོད་མོས་ལྟར་སྲིད་སྐྱོང་རྟ་ཚག་བསྟན་པའི་མགོན་པོར་བཀས་བཀོད་དང་གྲོན་དངུལ་སྲང་སྟོང་སྐོར་བཅས་གནང་ནས་མགྲོན་གཉེར་སྡེ་པ་སྐལ་བཟང་རྣམ་རྒྱལ་དང་ལིས་སན་ཐང་ཡེ་གཉིས་སོགས་ལས་བྱེད་དུ་བསྐོས་ཏེ་རྒྱ་བོད་ཀྱི་རྡོ་ཤིང་ལསབཟོ་རྣམས་ཀྱིས་དུས་ཡུན་ཟླ་དྲུག་ཙམ་གྱི་རིང་ལ་ཀ་བྱས་ནས་ད་ལྟའི་ལྷ་ཁང་འདི་བསྒྲུབས། ལྷ་ཁང་དབུས་མའི་ནང་ཀོན་ཡུན་ཆང་གཙོ་འཁོར་དང་། ལྷ་ཁང་རྒྱབ་མའི་ནང་འཇམ་དཔལ་དབྱངས་ཀྱི་སྐུ་སོགས་ཡོད། ལྷ་ཁང་གི་བཟོ་དབྱིབས་ཁོརཡུག་ནི་རྒྱ་ནག་གི་གནའ་བོའི་མཁར་གྱི་དབྱིབས་འདྲ་ཞིང་། དེ་གར་དྲིལ་བུ་ཆེན་པོ་ཞིག་ཡོད་པ་དེའི་མཐོ་ཚད་ལི་སྨི༡༣༢དང་ཞེང་དུ་ལིའི་རྨིས༡༠༨ཡོད། དྲིལ་བུ་དེའི་ནང་དུ་ཡི་གེ་དང་ཕྱིར་རི་མོ་མང་པོ་ཡོད། དེ་སྔ་ལྷ་ཁང་དེའི་འཛིན་བདག་ཀུན་བདེ་གླིང་ནས་བྱེད་སྲོལ་འདུག
- language:
- Tibetan
2. Thupten Phuntsok Dictionary
ལྷ་སའི་ལྕགས་པོ་རིའི་ནུབ་ངོས་སུ་ཡོད་པའི་རི་ཆུང་སྟག་མོ་ཚང་ལ་འཛུལ་བ་འདྲ་བའི་སྟེང་དུ་རྒྱ་བཟོའི་ལྷ་ཁང་ཞིག་ཡོད་པ་དེ་ནི་རྒྱའི་ལོ་རྒྱུས་ཐོག་གི་དྲག་དཔོན་ཀོན་ཡུན་ཆང (བོད་ཡིག་གི་གསོལ་མཆོད་ནང་སྤྲིན་རིང་རྒྱལ་པོ་ཟེར) གསོལ་མཆོད་བྱེད་ས་ཡིན། རྒྱུན་དུ་མི་ཚོས་གེ་སར་ལྷ་ཁང་ཟེར་ཡང་དོན་དུ་གེ་སར་མ་ཡིན་པ་རྒྱའི་ཀོན་ཏིས་ཞེས་པ་ཡིན། ལྷ་ཁང་དེ་ནི་རབ་བྱུང་བཅུ་གསུམ་པའི་ཆུ་བྱི (༡༧༩༢) ལོ་ཆིང་གོང་མ་ཆན་ལུང་ཁྲི་ལོ་བདུན་པའི་སྐབས་སུ་གོར་ཥས་བོད་ལ་བཙན་འཛུལ་བྱས་པ་མཐར་སྤྲོད་གཏོང་མཁན་གོང་མའི་དཔོན་རིགས་ཀྲུང་ཐང་ཕུའུ་ཁང་ཨན་གྱི་འདོད་མོས་ལྟར་སྲིད་སྐྱོང་རྟ་ཚག་བསྟན་པའི་མགོན་པོར་བཀས་བཀོད་དང་གྲོན་དངུལ་སྲང་བདུན་སྟོང་སྐོར་བཅས་གནང་ནས་མགྲོན་གཉེར་སྡེ་པ་སྐལ་བཟང་རྣམ་རྒྱལ་དང་ལིས་སན་ཐང་ཡེ་གཉིས་སོགས་ལས་བྱེད་དུ་བསྐོས་ཏེ་རྒྱ་བོད་ཀྱི་རྡོ་ཤིང་ལས་བཟོ་རྣམས་ཀྱིས་དུས་ཡུན་ཟླ་དྲུག་ཙམ་གྱི་རིང་ལས་ཀ་བྱས་ནས་ད་ལྟའི་ལྷ་ཁང་འདི་བསྒྲུབས། ལྷ་ཁང་དབུས་མའི་ནང་ཀོན་ཡུན་ཆང་གཙོ་འཁོར་དང་། ལྷ་ཁང་རྒྱབ་མའི་ནང་འཇམ་དཔལ་དབྱངས་ཀྱི་སྐུ་སོགས་ཡོད། ལྷ་ཁང་གི་བཟོ་དབྱིབས་ཁོར་ཡུག་ནི་རྒྱ་ནག་གི་གནའ་བོའི་མཁར་གྱི་དབྱིབས་འདྲ་ཞིང་། དེ་གར་དྲིལ་བུ་ཆེན་པོ་ཞིག་ཡོད་པ་དེའི་མཐོ་ཚད་ལི་རྨིས༡༣༢དང་ཞེང་དུ་ལིའི་རྨིས༡༠༨ཡོད། དྲིལ་བུ་དེའི་ནང་དུ་ཡི་གེ་དང་ཕྱིར་རི་མོ་མང་པོ་ཡོད། དེ་སྔ་ལྷ་ཁང་དེའི་འཛིན་བདག་ཀུན་བདེ་གླིང་ནས་བྱེད་སྲོལ་འདུག
- language:
- Tibetan