Skip to main content Skip to search
bod kyi tshong khral
ID:
T237735
  • བོད་ཀྱི་ཚོང་ཁྲལ (Tibetan, Tibetan script, Original)
    • > bod kyi tshong khral (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bö kyi tsong tral (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཀྱི་ཚོད་ཁྲལ་ནི་གཙོ་བོ་ཚོང་ཟོག་གི་དཔྱ་ཁྲལ་ཡིན་ཅིང་། རྒྱུན་སྲོལ་གྱི་ཁྲལ་དོན་ལ་གཞིགས་ནས་བོད་ལ་ཤོ་ཁྲལ་དང་ཚུགས་ཁྲལ་གཉིས་བཙུགས་ཡོད་དེའི་བསྡུས་མིང་ལ་ཤོ་ཚོང་དཔྱ་ཁྲལ་ཟེར། ཤ་ཁྲལ་ནི་ཚོང་ཟོག་གི་རིགས་ས་གནས་སོ་སོར་སླེབས་སྐབས་འཇལ་དགོས་པའི་ཁྲལ་ཞིག་དང་ཚུགས་ཁྲལ་ནི་ཚོང་འདུས་ཉོ་ཚོང་གི་ཁྲལ་ལ་ཟེར། བཅིངས་འགྲོལ་གོང་དུ་ས་གནས་སྲིད་གཞུང་ནས་ལྷ་རྩེ་དང་། ཕག་རི། ནག་ཆུ། ལྷ་རི། གྲོ་མོ། གཉའ་ནང་སོགས་བོད་ཡོངས་སུ་ཤོ་ཁག་སུམ་ཅུ་སོ་དྲུག་བཙུགས་ཡོད། སྐབས་དེར་བོད་ཀྱི་ཚོང་ཟོག་དཔྱ་ཁྲལ་དེ་ཚོང་ཟོག་འབྱོར་བ་དང་དབོར་འདྲེན་བྱེད་སྐབས་བྱི་འབོར་ཚད་ལ་གཞིགས་ཏེ་བསྡུ་བ་དང་། ཤོ་ཁྲལ་དུ་གཙོ་བོ་དངོས་ཟོག་བསྡུ་སྲོལ་ཡོད། རྗེས་སུ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག(༡༩༥༠)ལོ་ནས་བཟུང་གྲོ་མོ་སོགས་སུ་ཚོང་ཟོག་སྣེ་གྲངས་ལ་མི་ལྟ་བར་ཁལ་རྒྱབ་རེ་ནས་ཤོ་ཁྲལ་སྲང་གསུམ་བསྡུ་བའི་གཏན་འཕེབས་བཟོས་འདུག

language:
Tibetan

2. Thupten Phuntsok Dictionary

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཀྱི་ཚོང་ཁྲལ་ནི་གཙོ་བོ་ཚོང་ཟོག་གི་དཔྱ་ཁྲལ་ཡིན་ཅིང་། རྒྱུན་སྲོལ་གྱི་ཁྲལ་དོན་ལ་གཞིགས་ནས་བོད་ལ་ཤོ་ཁྲལ་དང་ཚུགས་ཁྲལ་གཉིས་བཙུགས་ཡོད་པ་དེའི་བསྡུས་མིང་ལ་ཤོ་ཚོང་དཔྱ་ཁྲལ་ཟེར། ཤོ་ཁྲལ་ནི་ཚོང་ཟོག་གི་རིགས་ས་གནས་སོ་སོར་སླེབས་སྐབས་འཇལ་དགོས་པའི་ཁྲལ་ལ་ཟེར། བཅིངས་འགྲོལ་གོང་དུ་ས་གནས་སྲིད་གཞུང་ནས་ལྷ་རྩེ་དང་། ཕག་རི། ནག་ཆུ། ལྷ་རི། གྲོ་མོ། གཉའ་ནང་སོགས་བོད་ཡོངས་སུ་ཤོ་ཁག་སུམ་ཅུ་སོ་དྲུག་བཙུགས་ཡོད། སྐབས་དེར་བོད་ཀྱི་ཚོང་ཟོག་དཔྱ་ཁྲལ་དེ་ཚོང་ཟོག་འབྱོར་བ་དང་དབོར་འདྲེན་བྱེད་སྐབས་ཀྱི་འབོར་ཚད་ལ་གཞིགས་ཏེ་བསྡུ་བ་དང་། ཤོ་ཁྲལ་དུ་གཙོ་བོ་དངོས་ཟོག་བསྡུ་སྲོལ་ཡོད། རྗེས་སུ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག (༡༩༥༠) ལོ་ནས་བཟུང་གྲོ་མོ་སོགས་སུ་ཚོང་ཟོག་སྒོ་གྲངས་ལ་མི་བལྟ་བར་ཁལ་རྒྱབ་རེ་ནས་ཤོ་ཁྲལ་སྲང་གསུམ་བསྡུ་བའི་གཏན་འབེབས་བཟོས་འདུག

language:
Tibetan