Skip to main content Skip to search
bod kyi lag shes bzo rtsal
ID:
T237743
  • བོད་ཀྱི་ལག་ཤེས་བཟོ་རྩལ (Tibetan, Tibetan script, Original)
    • > bod kyi lag shes bzo rtsal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bö kyi lak shé zo tsal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བོད་ཀྱི་རིག་གནས་ནི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྟེ་རིག་པའི་གནས་བཅུར་དབྱེ་ཞིང་། རིག་གནས་ཆེ་བ་ལྔའི་ཐོག་པ་བཟོ་རིག་པ་ལའང་ལུས་བཟོ་དང་། ངག་བཟོ། ཡིད་བཟོ་བཅས་ནང་གསེས་ཆེ་བ་གསུམ་དུ་དབྱེ་བ་ལས་ལུས་བཟོར་གཙོ་ཕལ་གཉིས་སུ་དབྱེ་བའི་ནང་གཙོ་བོ་སྐུ་རྟེན། གསུང་རྟེན། ཐུགས་རྟེན་བཅས་བཟོ་རྩལ་རིགས་འདྲ་མིན་གྱི་ནང་གསེས་ལྷ་བྲིས་དང་། ལུས་བཟོ་ཕལ་པའི་གྲས་སྟེ་ཤིང་བཟོ་དང་། རྡོ་བཟོ། འཇིམ་བཟོ། ཞལ་བ། ཚོན་བཟོ། གསེར་བཟོ། དངུལ་བཟོ། ཟངས་བཟོ། ལྕགས་བཟོ། ཕྲ་བཟོ། ལུགས་པ། གོས་བཟོ། ཀོ་བཟོ། ཤོག་བཟོ་སོགས་དུ་མ་མཆིས་ཤིང་། དེ་དག་སྐོར་ཞིབ་ཀ་ཕྲེང་གོ་རིམ་ལྟར་བཀོད་ཡོད་པས་ཁག་སོ་སོའི་ནང་གཟིགས།

language:
Tibetan

2. Thupten Phuntsok Dictionary

བོད་ཀྱི་རིག་གནས་ནི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྟེ་རིག་པའི་གནས་བཅུར་དབྱེ་ཞིང་། རིག་གནས་ཆེ་བ་ལྔའི་ཐོག་མ་བཟོ་རིག་པ་ལའང་ལུས་བཟོ་དང་། ངག་བཟོ། ཡིད་བཟོ་བཅས་ནང་གསེས་ཆེ་བ་གསུམ་དུ་དབྱེ་བ་ལས་ལུས་བཟོར་གཙོ་ཕལ་གཉིས་སུ་དབྱེ་བའི་ནང་གཙོ་བོ་སྐུ་རྟེན། གསུང་རྟེན། ཐུགས་རྟེན་བཅས་བཟོ་རྩལ་རིགས་འདྲ་མིན་ནང་གསེས་ལྷ་བྲིས་དང་། ལུས་བཟོ་ཕལ་པའི་གྲས་ཏེ་ཤིང་བཟོ་དང་། རྡོ་བཟོ། འཇིམ་བཟོ། ཞལ་བ། ཚོན་བཟོ། གསེར་བཟོ། ལུགས་པ། གོས་བཟོ། ཀོ་བཟོ། ཤོག་བཟོ་སོགས་དུ་མ་མཆིས་ཤིང་། དེ་དག་སྐོར་ཞིབ་ཕྲ་ཀ་ཕྲེང་གོ་རིམ་ལྟར་བཀོད་ཡོད་པས་ཁག་སོ་སོའི་ནང་གཟིགས།

language:
Tibetan