- bod kyi sa dbyibs
- ID:
- T237745
- བོད་ཀྱི་ས་དབྱིབས (Tibetan, Tibetan script, Original)
- > bod kyi sa dbyibs (Tibetan, Latin script, Transliteration-THL Extended Wylie Transliteration)
- > bö kyi sa yib (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་རང་སྐྱོང་ལྗོངས་ནི་ཧི་མ་ལ་ཡ་དང་། ཁུ་ནུ། གདང་ལ་སོགས་རི་རྒྱུད་ཆེན་པོ་གསུམ་གྱིས་ཡོངས་སུ་བསྐོར་ཞིང་། ཞིབ་པར་དབྱེ་ན་ས་ཁུལ་ཁག་བཞི་སྟེ། དང་པོ། བོད་ཀྱི་བྱང་ཕྱོགས་ས་མཐོ་ནི་ཁུ་ནུ་དང་། གདང་ལ། གངས་ཏེ་སེ་སོགས་རི་རྒྱུད་ཆེན་པོ་གསུམ་དང་གཉན་ཆེན་ཐང་ལྷའི་བར་དུ་གནས་ཡོད་ཅིང་། དེ་ནི་བོད་ཀྱི་འབྲོག་ཁུལ་གཙོ་བོ་ཡིན། གཉིས་པ། བོད་ཀྱི་ལྷོ་ཕྱོགས་རོང་ས་ནི་གངས་ཏེ་སེ་དང་ཧི་མ་ལ་ཡ་རི་རྒྱུད་ཆེན་གཉིས་ཀྱི་བར་གནས་ཤིང་། དེ་ཡང་ཡར་ཀླུང་གཙང་པོ་དང་དེའི་ཆུ་ལག་རྒྱུད་ཡུལ་གྱི་ས་ཁུལ་ཁག་ཡིན། གསུམ་པ། བོད་ཤར་ཕྱོགས་ཀྱི་རི་ཆེན་གྲོག་རོང་ཁུལ་ནི་ནག་ཆུའི་ཤར་རྒྱུད་ནས་བརྩིས་རི་ཆེན་གྲོག་རོང་དུ་མ་རིམ་བཞིན་ཤར་ལྷོ་ཕྱོགས་སུ་འཁོར་ནས་ཆགས་ཤིང་། བོད་ཤར་ལྷོའི་མཚམས་ཀྱི་ཕྲེད་རྒྱུག་རི་རྒྱུད་དང་གཙང་ཆེན་གསུམ་རྒྱུག་ཡུལ་གྱི་ས་ཁུལ་དེ་དག་ཡིན། བཞི་པ། ཧི་མ་ལ་ཡའི་རི་ཁུལ་ནི་བོད་ཀྱི་ལྷོ་རྒྱུད་དུ་གནས་ཤིང་། དེ་ཡང་རང་རྒྱལ་དང་རྒྱ་གར། བལ་པོ། འབྲུག་པ། འབྲས་ལྗོངས་སོགས་རྒྱལ་ཁབ་དང་ས་འབྲེལ་དུ་གནས་པའི་ས་ཁུལ་དེ་དག་ཡིན།
- language:
- Tibetan
2. Thupten Phuntsok Dictionary
བོད་རང་སྐྱོང་ལྗོངས་ནི་ཧི་མ་ལ་ཡ་དང་། ཁུ་ནུ། གདང་ལ་སོགས་རི་རྒྱུད་ཆེན་པོ་གསུམ་གྱིས་ཡོངས་སུ་བསྐོར་ཞིང་། ཞིབ་པར་དབྱེ་ན་ས་ཁུལ་ཁག་བཞི་སྟེ། དང་པོ། བོད་ཀྱི་བྱང་ཕྱོགས་ས་མཐོ་ནི་ཁུ་ནུ་དང་། གདང་ལ། གངས་ཏེ་སེ་སོགས་རི་རྒྱུད་ཆེན་པོ་དང་ཧི་མ་ལ་ཡའི་རི་རྒྱུད་ཆེན་པོ་གཉིས་ཀྱི་བར་དུ་གནས་ཤིང་། དེ་ཡང་ཡར་ཀླུང་གཙང་པོ་དང་དེའི་ཆུ་ལག་རྒྱུག་ཡུལ་གྱི་ས་ཁུལ་ཁག་ཡིན། གསུམ་པ། བོད་ཤར་ཕྱོགས་ཀྱི་རི་ཆེན་གྲོག་རོང་ཁུལ་ནི་ནག་ཆུའི་ཤར་རྒྱུད་ནས་བརྩིས་པའི་རི་ཆེན་གྲོག་རོང་དུ་མ་རིམ་བཞིན་ཤར་ལྷོའི་ཕྱོགས་སུ་འཁོར་ནས་ཆགས་ཤིང་། བོད་ཤར་ལྷོའི་མཚམས་ཀྱི་ཕྲེད་རྒྱུག་རི་རྒྱུད་དང་གཙང་ཆེན་གསུམ་རྒྱུག་ཡུལ་གྱི་ས་ཁུལ་དེ་དག་ཡིན། བཞི་པ། ཧི་མ་ལ་ཡའི་རི་ཁུལ་ནི་བོད་ཀྱི་ལྷོ་རྒྱུད་དུ་གནས་ཤིང་། དེ་ཡང་རང་རྒྱལ་དང་རྒྱ་གར། བལ་པོ། འབྲུག་པ། འབྲས་ལྗོངས་སོགས་རྒྱལ་ཁབ་དང་ས་འབྲེལ་དུ་གནས་པའི་ས་ཁུལ་དེ་དག་ཡིན།
- language:
- Tibetan