Skip to main content Skip to search
bod kyi gso ba rig pa
ID:
T237746
  • བོད་ཀྱི་གསོ་བ་རིག་པ (Tibetan, Tibetan script, Original)
    • > bod kyi gso ba rig pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bö kyi sowa rigpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བོད་ཀྱི་གསོ་བ་རིག་པ་ལ་ལོ་རྒྱུས་ཡུན་རིང་ཡོད་པ་ཞིག་ཡིན་ལ་མི་རིགས་ཀྱི་ཁྱད་ཆོས་ཡོད་པ་ཞིག་ཀྱང་ཡིན། 《བློན་པོ་བཀའ་ཐང》གི་ནང་འཁོད་པ་ལྟར་ན་སྤྱི་ལོའི་སྔོན་གྱི་དུས་རབས་ཁ་ཤས་ནང་བོད་རིགས་མི་དམངས་ཀྱིས་དུག་ཡོད་ན་སྨན་ཡོད་པའི་རྒྱུ་མཚན་ཤེས་རྟོགས་ཐུབ་པ་དང་། འབྲོག་ལས་འཕེལ་རྒྱས་བྱུང་རྗེས་མར་གྱིས་ཁྲག་གཅོད་པ་དང་། ཁྱིའི་ཚིལ་གྱིས་རྨ་བཅོས་པ་དང་། ཆང་གི་སྦང་ལུམས་ཀྱིས་རྨ་བཅོས་ཀ་སོགས་ཀྱི་བྱ་ཐབས་ཤེས་རྟོགས་བྱུང་བ་དཔེར་ན་དུས་རབས་བརྒྱད་པའི་དཀྱིལ་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་དབང་བཟུང་སྐབས། བོད་ཀྱི་ལོ་ཙཱ་བ་མཁས་པ་བེེ་རོ་ཙ་ན་དང་རྒྱ་རིགས་ཀྱི་སྨན་པ་མཁས་པ་ཧ་ཤང་མ་ཧཱ་ཀྱིན་དཱ་གཉིས་ཀྱིས་རྒྱ་ཡིག་ནས་བསྒྲིགས་བསྒྱུར་བྱས་པའི་སྨན་གཞུང《སྨན་དཔྱད་ཟླ་བའི་རྒྱལ་པོ》ཟེར་བ་དེའི་ནང་འཁོད་པའི་སྨན་དཔེར་ན། ལུག་མུར། སུམ་ཏིག བོང་ང་དཀར་པོ། བྱ་རྒོད་སྤོས། བ་ཤ་ཀ སྤང་རྩི་དོ་བོ། བ་ཡག་རྩ་བ། གྒང་ཆུང་བ། འབྲི་མོག་སོགས་སྨན་རྫས་ཉིས་བརྒྱ་ལྔ་བཅུ་ཡས་མས་ཤིག་ཡོད་པ་ཚང་མ་བོད་ས་གནས་རང་ནས་ཐོན་པའི་སྨན་ཤ་སྟག་ཡིན། སྨན་བཅོས་བྱེད་ཐབས་ཐད་ལ་མཚོན་ན། རྩ་བརྟག་སྐབས། འཕར་རྩ། སྡོ་རྩ། ཚ་བའི་རྩ། གྲང་བའི་རྩ་སོགས་རྩ་སྣེ་མི་འདྲ་བའི་དབྱེ་བ་ཕྱེ་ཐབས་དང་། འཕར་རྩ་དང་སྡོད་རྩ་རྣམས་དོན་ལྔ་སྣོད་དྲུག་དང་འབྲེལ་ནས་ལུས་པོ་ཡོངས་ལ་ཁྱབ་ཚུལ་བཤད་ཡོད་པ་དང་། ཀླད་པའི་ཆགས་ཚུལ་སྐོར་ལ། ཀླད་པ་ཆེ་ཆུང་དང་གཟུགས་དབྱིབས་མི་འདྲ་བའི་ཀླད་པ་ཕན་ཚུན་ལྟེབས་བརྩེགས་བརྒྱབ་ནས་གནས་པའི་རྣམ་པ་བཤད་པ་བཅས་ཚན་རིག་གི་ཆུ་ཚད་མཐོ་ཙམ་ཡོད། ད་དུང་སྤྱི་ལོའི་དུས་རབས་བརྒྱད་པའི་མཇུག་ཏུ། བོད་ཀྱི་སྨན་པ་མཁས་པ་གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པའི་སྨན་གཞུང་རྒྱུད་བཞི་ནི་བོད་དུ་སྐད་གྲགས་ཡོད་པའི་སྨན་གཞུང་ཆེན་པོ་ཞིག་ཡིན་ཅིང་། དེ་ནི་ཁོང་གིས་རྒྱ་ཁབ་ངང་བོད་མི་དམངས་ཀྱིས་ནད་རིགས་དང་འཐབ་རྩོད་བྱས་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་རྣམས་ཕྱོགས་བསྡོམས་གནང་བའི་རྨང་གཞིའི་ཐོག དེ་སྔོན་ཏཱ་སིག་དང་། ཞང་ཞུང་། རྒྱ་གར། བལ་པོ། མེས་རྒྱལ་ནང་ཁུལ་བཅས་ནས་བོད་ཡིག་ཐོག་བསྒྱུར་བའི་སྨན་གཞུང་དང་། རང་ཉིད་ཀྱིས་ལོ་མང་རིང་རྒྱ་གར། བལ་པོ། སིང་ག་ལ། མེས་རྒྱལ་ནང་ཁུལ་བཅས་སུ་སྨན་བཅོས་སློབ་སྦྱོང་བྱས་པའི་ཉམས་མྱོང་བཅས་གཅིག་བསྡུས་བྱས་ཏེ་བརྩམས་པ་ཞིག་ཡིན་པའི་སྐོར་བོད་ཀྱི་ལོ་རྒྱུས་མཁས་པ་བཅུ་ལྷག་ཙམ་གྱིས་གཅིག་གྱུར་ཐོག་ཁས་ལེན་གནང་ཡོད་པ་དེ་ནི་རྒྱུ་མཚན་ཁུངས་ལུང་ལྡན་པ་ཞིག་རང་ཡིན། རྒྱུད་བཞི་འདིའི་ནང་ཀྲུང་ལུགས་སྨན་གཞུང་གི་བཤད་ཚུལ་སྐོར་ཕུད་པའི་བོད་རང་གི་དམིགས་བསལ་ཐོན་རྫས་ཡིན་པའི་སྨན་རིགས་ཉིས་བརྒྱ་མ་ཟིན་ཙམ་འཁོད་པ་དེའི་ཐོག་ནས་རྒྱུད་བཞི་ནི་གཡུ་ཐོག་ཡོན་ཏན་མགོན་པོ་སྐུ་ངོ་མས་མཛད་པ་ཞིག་ཡིན་པར་ར་སྤྲོད་བྱེད་ཐུབ། དེ་བཞིན་དུས་རབས་བརྒྱད་པའི་ནང་བརྩམས་པའི་བོད་ཀྱི་སྨན་གཞུང་ནང་མིའི་ལུས་པོའི་ངོ་སྤྲོད་སྨན་ཐང་སོགས་ཧ་ཅང་མང་ཡོད་པ་བཅས་བོད་རིགས་སྨན་པ་མཁས་པ་དུ་མས་རྒྱུན་རིང་དཀའ་སྤྱད་འབད་བརྩོན་བྱས་པའི་གྲུབ་འབྲས་ཤ་སྟག་རེད།

language:
Tibetan

2. Thupten Phuntsok Dictionary

བོད་ལུགས་ཀྱི་གསོ་བ་རིག་པ་མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་བསྟུན་ནས་གསར་གཏོད་བྱས་པའི་གསོ་རིག་ཐུན་མོང་མ་ཡིན་པ་ཞིག

language:
Tibetan