Skip to main content Skip to search
bod khri skor bcu gsum
ID:
T237749
  • བོད་ཁྲི་སྐོར་བཅུ་གསུམ (Tibetan, Tibetan script, Original)
    • > bod khri skor bcu gsum (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bö tri kor chusum (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྔོན་གྱི་ས་སྐྱ་བའི་ཡོག་རྙིང་ཞིག་ནང་གསལ་བ《ཏཱ་ལའི་བླ་མ་ལྔ་པའི་རྣམ་ཐར་རང་རྩོམ》པོད་དང་པོའི་ཤོག་གྲངས༢༠ནས་ཤོག་གྲངས༢༡བར་དྲངས་པ་དང་། ས་སྐྱའི་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་བརྩམས་པའི《ས་སྐྱའི་གདུང་རབས་ངོ་མཚར་རིན་པོ་ཆེའི་བང་མཛོད》ཀྱི་ཤོག་གྲངས༩༠པར་གསལ་བར་གཉིས་གནད་བསྡུས་བྱས་ཏེ་བཀོད་ན་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་སེ་ཆེན་ཧན་གྱིས་འགྲོ་མགོན་འཕགས་པ་ལ་གསང་སྔགས་ཀྱི་དབང་ཐེངས་དང་པོ་ཞུས་པའི་དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་ཕུལ་བར་བཤད་པས། དེ་ལ་ཁྲི་སྐོར་རེ་ལ་ལྷ་སྡེ་བཞི་སྟོང་དང་མི་སྡེ་དྲུག་སྟོང་ཡོད་པ་དང་། དེ་ཡང་ཁང་པ་ཀ་བ་དྲུག་གི་ས་ཡོད་པ། མི་བཟའ་མི་གཉིས། བུ་ཕོ་མོ་གཉིས། གཡོག་ཕོ་མོ་གཉིས་ཏེ་མི་དྲུག ཕྱུགས་རྟ་བོང་གཉིས། བ་ལང་ར་ལུག་རེ་རྣམས་དང་། ཞིང་ཧོར་གྱི་སོན་ཁལ་བཅུ་གཉིས་ཀྱི་ས་ཡོད་པ་རྣམས་ལ་ཧོར་དུད་ཆུང་གཅིག་ཟེར་བ་ཡིན། དུད་ཆུང་ཉི་ཤུ་རྩ་ལྔ་ལ་དུད་ཆེན་གཅིག དེ་གཉིས་ལ་རྟ་མགོ་གཅིག དེ་གཉིས་ལ་བརྒྱ་སྐོར་གཅིག དེ་བཅུ་ལ་ཀླུས་གཅིག དེ་བཅུ་ལ་ཞིང་གཅིག་ཟེར་ཞིང་། ཧོར་སེ་ཆེན་རྒྱལ་པོའི་མངའ་འོག་ཏུ་ཞིང་བཅུ་གཅིག་ཡོད་ཅིང་། བོད་ཆོལ་ཁ་གསུམ་ལ་ཞིང་གཅིག་མ་ལོངས་ཀྱང་། བླ་མ་བཞུགས་ས་དང་བསྟན་པ་དར་ས་ཡིན་ནས་ཞིང་གཅིག་ཏུ་རྩིས་ནས་ཕུལ་བ་ཡིན་ནོ་ཞེས་གསལ་ཞིང་། བོད་ཁྲི་སྐོར་བཅུ་གསུམ་ནང་དབུས་གཙང་གཉིས་མ་བཏོགས་མངའ་རིས་དང་མདོ་ཁམས་ཁུལ་འདིའི་ཁོངས་སུ་རྩིས་མེད། སྐབས་དེར་དབུས་གཙང་གཉིས་རྐྱང་པར་ཁྲི་སྐོར་བཅུ་གསུམ་རྩིས་སྟངས་དང་། དེའི་ཐེམ་དུད་དང་མི་འབོར་བཅས་ཀྱི་རེའུ་མིག་གཤམ་གསལ། (རེའུ་མིག) གོང་དུ་གསལ་བའི་ཁྲི་སྐོར་བཅུ་གསུམ་གྱི་ཐེམ་དུད་ཀྱི་ཁ་གྲངས་ནི་ས་སྐྱ་བའི་ལོ་རྒྱུས་ཡིག་རྙིང་ནས《ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་རྣམ་ཐར་རང་རྩོམ》ནང་དྲངས་པ་ལྟར་ན། མངའ་རིས་མན་ཆད་ནས་ཞ་ལུ་ཡན་ཆད་ཀྱི་ཐེམ་དུད་ཞིབ་བཤེར་བྱེད་མཁན་རྒྱའི་མི་ཆེན་ཨར་མགོན་དང་དོ་བུ་ཨ་ནུ་གན་གཉིས་ཀྱིས་རྩིས་ཤིང་། ཞ་ལུ་ནས་འབྲི་གུང་ཡན་གྱི་ས་ཆའི་ཐེམ་དུད་ཞིབ་བཤེར་བྱེད་མཁན་ས་སྐྱ་བའི་སྦྱིན་བདག་སུ་ཐུ་ཨ་སྐྱིད་ཟེར་བ་དེས་རྩིས་པ་དང་། དེ་མིན་གྱི་ས་ཆའི་ཐེམ་དུད་ཞིབ་བཤེར་བྱེད་མཁན་ནི་ས་སྐྱའི་དཔོན་ཆེན་དང་པོ་ཤཱཀྱ་བཟང་པོ་ཟེར་བ་ཡོན་རྒྱལ་རབས་ཀྱི་གོང་མས་ཟམ་གླུ་གུན་མིང་དབེན་ཧུའི་ཟེར་བའི་གོ་གནས་སྤྲད་པ་དེས་བརྩིས་པ་ཡིན་ཚུལ་ས་སྐྱའི་དེབ་ཐེར་ཤོག་དྲིལ་གྱི་ནང་འཁོད་པ་ལྟར་ཡིན་ཞེས་གསལ་བ་ལྟར་ན། སྐབས་དེར་ཐེམ་དུད་ཞིབ་བཤེར་ཞིབ་ཚགས་བྱས་པ་ལྟ་བུ་ཞིག་འདུག་རུང་གོང་གསལ་རེའུ་མིག་ལྟར་གཞིར་བཟུང་ན་དབུས་གཙང་གི་ཁྲི་སྐོར་བཅུ་གསུམ་གྱི་ཐེམ་དུད་བསྡོམས་འབོར་བཞི་ཁྲི་གསུམ་སྟོང་དྲུག་བརྒྱ་བཅོ་ལྔ་དང་། ཐེམ་དུད་རེར་མི་དྲུག་རེ་བརྩིས་པའི་མི་འབོར་ཉིས་འབུམ་དྲུག་ཁྲི་ཆིག་སྟོང་དྲུག་བརྒྱ་དགུ་བཅུ(ཁྲི་ཉི་ཤུ་རྩ་དྲུག་དང་ཆིག་སྟོང་དྲུག་བརྒྱ་དགུ་བཅུ)ལས་མེད་པས། ད་དུང་དེའི་ཐོག་སྟོད་མངའ་རིས་སྐོར་གསུམ་ལ་དེ་ལས་མི་གྲངས་ཉུང་ཞིང་། སྨད་མདོ་ཁམས་སྒང་གསུམ་དབུས་གཙང་གཉིས་ལས་མི་འབོར་མང་བས་མངའ་རིས་སྐོར་གསུམ་དང་སྨད་མདོ་ཁམས་སྒང་གསུམ་བསྡོམས་པའི་མི་འབོར་དེ་དབུས་གཙང་གཉིས་ལས་ལྡབ་གཅིག་དང་ཕྱེད་ཀ་ཡོད་པར་བརྩིས་ན་ཡང་མི་འབོར་ཁྲི་དྲུག་བཅུ་རེ་ལྔ་དང་བཞི་སྟོང་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ལས་མེད་ལ། དེའི་ཐོག་གོང་གི་དབུས་གཙང་ཁྲི་སྐོར་བཅུ་གསུམ་གྱི་མི་འབོར་བསྡོམས་གྲངས་དེ་བསྣན་ན་ཡང་སྐབས་དེའི་བོད་ཀྱི་མི་འབོར་དགུ་འབུམ་ཆིག་ཁྲི་ལྔ་སྟོང་དགུ་བརྒྱ་བཅོ་ལྔ(ཁྲི་དགུ་ཅུ་གོ་གཅིག་དང་ལྔ་སྟོང་དགུ་བརྒྱ་བཅོ་ལྔ)ལས་མེད་སྟབས་སྐབས་དེར་བོད་ལ་མི་འབོར་དེ་ཙམ་ལས་མེད་པ་ཨེ་ཡིན་སྙམ་པའི་དོགས་གནས་ཀྱི་གཞིར་འདུག་པས་ལོ་རྒྱུས་མཁས་ཅན་ཚོས་བརྟག་དཔྱད་གནང་རྒྱུའི་དཔྱད་གཞིར་བཀོད།

language:
Tibetan

2. Thupten Phuntsok Dictionary

སྔོན་གྱི་ས་སྐྱ་པའི་ཡིག་རྙིང་ཞིག་ནང་གསལ་བཏཱ་ལའི་བླ་མ་ལྔ་པའི་རྣམ་ཐར་རང་རྩོམ》པོད་དང་པོའི་ཤོག་གྲངས་༢༠ནས་ཤོག་གྲངས་༢༡བར་དྲངས་པ་དང་། ས་སྐྱའི་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་བརྩམས་པའིས་སྐྱའི་གདུང་རབས་ངོ་མཚར་རིན་པོ་ཆེའི་བང་མཛོད》ཀྱི་ཤོག་གྲངས་༩༠པར་གསལ་བ་གཉིས་གནད་བསྡུས་བྱས་ཏེ་བཀོལ་ན་ཡོན་རྒྱལ་རབས་ཀྱི་གོང་ཧུ་པི་ལི་སེ་ཆེན་ཧན་གྱིས་འགྲོ་མགོན་འཕགས་པ་ལ་གསང་སྔགས་ཀྱི་དབང་ཐེངས་དང་པོ་ཞུས་པའི་དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་ཕུལ་བར་བཤད་པས། དེ་ལ་ཁྲི་སྐོར་རེ་ལ་ལྷ་སྡེ་བཞི་སྟོང་དང་མི་སྡེ་དྲུག་སྟོང་ཡོད་པ་དང་། དེ་ཡང་ཁང་པ་ཀ་བ་དྲུག་གི་ས་ཡོད་པ། མི་བཟའ་མི་གཉིས། བུ་ཕོ་མོ་གཉིས། གཡོག་ཕོ་མོ་གཉིས་ཏེ་མི་དྲུག ཕྱུགས་རྟ་བོང་གཉིས། བ་ལང་ར་ལུག་རེ་རྣམས་དང་། ཤིང་ཧོར་གྱི་སོན་ཁལ་བཅུ་གཉིས་ཀྱི་ས་ཡོད་པ་རྣམས་ལ་ཧོར་དུད་ཆུང་གཅག་ཟེར་བ་ཡིན། དུད་ཆུང་ཉི་ཤུ་རྩ་ལྔ་ལ་དུད་ཆེན་གཅིག དེ་གཉིས་ལ་རྟ་མགོ་གཅིག དེ་གཉིས་ལ་བརྒྱ་སྐོར་གཅིག དེ་བཅུ་ལ་སྟོང་སྐོར་གཅིག དེ་བཅུ་ལ་ཁྲི་སྐོར་གཅིག དེ་བཅུ་ལ་ཀླུས་གཅིག དེ་བཅུ་ལ་ཞིང་གཅིག་ཟེར་ཞིང་། ཧོར་སེ་ཆེན་རྒྱལ་པོའི་མངའ་འོག་ཏུ་ཞིང་བཅུ་གཅིག་ཡོད་ཅིང་། བོད་ཆོལ་ཁ་གསུམ་ལ་ཞིང་གཅིག་མ་ལོངས་ཀྱང་། བླ་མ་བཞུགས་ས་དང་བསྟན་པ་དར་ས་ཡིན་པས་ཞིང་གཅིག་ཏུ་རྩིས་ནས་ཕུལ་བ་ཡིན་ནོ་ཞེས་གསལ་ཞིང་། བོད་ཁྲི་སྐོར་བཅུ་གསུམ་ནང་དབུས་གཙང་གཉིས་མ་གཏོགས་མངའ་རིས་དང་མདོ་ཁམས་ཁུལ་འདིའི་ཁོངས་སུ་རྩིས་མེད། སྐབས་དེར་དབུས་གཙང་གཉིས་རྐྱང་པར་ཁྲི་སྐོར་བཅུ་གསུམ་རྩིས་སྟངས་དང་། དེའི་ཐེམ་དུད་དང་མི་འབོར་བཅས་ཀྱི་རེའུ་མིག་གཤམ་གསལ། གོང་དུ་གསལ་བའི་ཁྲི་སྐོར་བཅུ་གསུམ་གྱི་ཐེམ་དུད་ཀྱི་ཁ་གྲངས་ནི་ས་སྐྱ་པའི་ལོ་རྒྱུས་ཡིག་རྙིང་ནསཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་རྣམ་ཐར་རང་རྩོམ》ནང་དྲངས་པ་ལྟར་ན། མངའ་རིས་མན་ཆད་ནས་ཞ་ལུ་ཡན་ཆད་ཀྱི་ཐེམ་དུད་ཞིབ་བཤེར་བྱེད་མཁན་རྒྱའི་མི་ཆེན་ཨར་མགོན་དང་དོ་བུ་ཨ་ནུ་གན་གཉིས་ཀྱིས་བརྩིས་ཤིང་། ཞ་ལུ་ནས་འབྲི་གུང་ཡན་གྱི་ས་ཆའི་ཐེམ་དུད་ཞིབ་བཤེར་བྱེད་མཁན་ས་སྐྱ་པའི་སྦྱིན་བདག་སུ་ཐུ་ཨ་སྐྱིད་ཟེར་བ་དེས་རྩིས་པ་དང་། དེ་མིན་གྱི་ས་ཆའི་ཐེམ་དུད་ཞིབ་བཤེར་བྱེད་མཁན་ནི་ས་སྐྱའི་དཔོན་ཆེན་དང་པོ་ཤཱཀྱ་བཟང་པོ་ཟེར་བ་ཡོན་རྒྱལ་རབས་ཀྱི་གོང་མས་ཟམ་གླུ་གུན་མིང་དབེན་ཧུའི་ཟེར་བའི་གོ་གནས་སྤྲད་པ་དེས་བརྩིས་པ་ཡིན་ཚུལ་ས་སྐྱའི་དེབ་ཐེར་ཤོག་དྲིལ་གྱི་ནང་འཁོད་པ་ལྟར་ཡིན་ཞེས་གསལ་བ་ལྟར་ན། སྐབས་དེར་ཐེམ་དུད་ཞིབ་བཤེར་ཞིབ་ཚགས་བྱས་པ་ལྟ་བུ་ཞིག་འདུག་རུང་གོང་གསལ་རེའུ་མིག་ལྟར་གཞིར་བཟུང་ན་དབུས་གཙང་ཁྲི་སྐོར་བཅུ་གསུམ་གྱི་ཐེམ་དུད་བསྡོམས་འབོར་བཞི་ཁྲི་གསུམ་སྟོང་དྲུག་བརྒྱ་བཅོ་ལྔ་དང་། ཐེམ་དུད་རེར་མི་དྲུག་རེ་བརྩིས་པའི་མི་འབོར་ཉིས་འབུམ་དྲུག་ཁྲི་ཆིག་སྟོང་དྲུག་བརྒྱ་དགུ་བཅུ (ཁྲི་ཉི་ཤུ་རྩ་དྲུག་དང་ཆིག་སྟོང་དྲུག་བརྒྱ་དགུ་བཅུ་) ལས་མེད་པས། ད་དུང་དེའི་ཐོག་སྟོད་མངའ་རིས་སྐོར་གསུམ་ལ་དེ་ལས་མི་གྲངས་ཉུང་ཞིང་། སྨད་མདོ་ཁམས་སྒང་གསུམ་དབུས་གཙང་གཉིས་ལས་མི་འབོར་མང་བས་མངའ་རིས་སྐོར་གསུམ་དང་སྨད་མདོ་ཁམས་སྒང་གསུམ་བསྡོམས་པའི་མི་འབོར་དེ་དབུས་གཙང་གཉིས་ལས་ལྡབ་གཅིག་དང་ཕྱེད་ཀ་ཡོད་པར་བརྩིས་ན་ཡང་མི་འབོར་ཁྲི་དྲུག་ཅུ་རེ་ལྔ་དང་བཞི་སྟོང་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ལས་མེད་ལ། དེའི་ཐོག་གོང་གི་དབུས་གཙང་ཁྲི་སྐོར་བཅུ་གསུམ་གྱི་མི་འབོར་བསྡོམས་གྲངས་དེ་བསྣན་ན་ཡང་སྐབས་དེའི་བོད་ཀྱི་མི་འབོར་དགུ་འབུམ་ཆིག་ཁྲི་ལྔ་སྟོང་དགུ་བརྒྱ་བཅོ་ལྔ (ཁྲི་དགུ་ཅུ་གོ་གཅིག་དང་ལྔ་སྟོང་དགུ་བརྒྱ་བཅོ་ལྔ) ལས་མེད་སྟབས་སྐབས་དེར་བོད་ལ་མི་འབོར་དེ་ཙམ་ལས་མེད་པ་ཨེ་ཡིན་སྙམ་པའི་དོགས་གནས་ཀྱི་གཞིར་འདུག་པས་ལོ་རྒྱུས་མཁས་ཅན་ཚོས་བརྟག་དཔྱད་གནང་རྒྱུའི་དཔྱད་གཞིར་བཀོད།

language:
Tibetan