- bod ljongs spyi tshogs rgyas pa
- ID:
- T237751
- བོད་ལྗོངས་སྤྱི་ཚོགས་རྒྱས་པ (Tibetan, Tibetan script, Original)
- > bod ljongs spyi tshogs rgyas pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > bö jong chi tsok gyepa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་ས་གནས་སུ་བཀའ་ཤག་བཙུགས་པ་ནས་བཟུང་། ལས་དོན་ཧ་ཅང་གལ་ཆེན་གྲས་ཚོགས་འདུ་རྒྱས་འཛོམས་ཟེར་བ་ཞིག་འཚོགས་རྒྱུ་ཡོད་པ་དེར་བཀའ་བློན་བཞི་དང་། དྲུང་ཡིག་ཆེན་མོ་བཞི། རྩིས་དཔོན་བཞི། ཛ་སག ཐའི་ཇི་སོགས་མཐོ་རིམ་དཔོན་རིགས་མང་ཆེ་བ་ཞུགས་དགོས་པའི་ཐོག ད་དུང་སེ་འབྲས་དགེ་གསུམ་གི་མཁན་པོ་དང་། སྤྱི་སོ། དགའ་ལྡན་ཁྲི་པའི་ཕྱག་མཛོད་སོགས་ཞུགས་དགོས།
- language:
- Tibetan
2. Thupten Phuntsok Dictionary
བོད་ས་གནས་སུ་བཀའ་ཤག་བཞུགས་པ་ནས་བཟུང་། ལས་དོན་ཧ་ཅང་གལ་ཆེན་གྲས་ལ་ཚོགས་འདུ་རྒྱས་འཛོམས་ཟེར་བ་ཞིག་འཚོགས་རྒྱུ་ཡོད་པ་དེར་བཀའ་བློན་བཞི་དང་། དྲུང་ཡིག་ཆེན་མོ་བཞི་རྩིས་དཔོན་བཞི། ཛ་སག ཐའི་ཇི་སོགས་མཐོ་རིམ་དཔོན་རིགས་མང་ཆེ་བ་ཞུགས་དགོས་པའི་ཐོག ད་དུང་སེ་འབྲས་དགེ་གསུམ་གྱི་མཁན་པོ་དང་། སྤྱི་སོ། དགའ་ལྡན་ཁྲི་པའི་ཕྱག་མཛོད་སོགས་ཞུགས་དགོས།
- language:
- Tibetan