Skip to main content Skip to search
bod dang bod chen po
ID:
T237752
  • བོད་དང་བོད་ཆེན་པོ (Tibetan, Tibetan script, Original)
    • > bod dang bod chen po (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bö dang bö chenpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྔར་རྒྱལ་པོའི་མངའ་འོག་ཏུ་ཡོད་པའི་མངའ་རིས་ཙམ་ལ་བོད་དང་དེའི་ལྷག་མའི་ཡུལ་རྣམས་ལ་བོད་ཆེན་པོ་ཟེར་བ་ཡིན་ལ། འགའ་ཞིག་གིས་དབུས་གཙང་གཉིས་ལ་བོད་དང་། མདོ་ཁམས་ལ་བོད་ཆེན་པོ་ཟེར་བ་ཡིན་ཚུལ་བཤད་མཁན་ཡོད་ཀྱང་དེ་མི་འགྲིག་སྟེ་འབྲོམ་སྟོན་པས་ཨ་ཏི་ཤ་ལ་བོད་ཆེན་པོ་ན་བསམ་ཡང་གཙུག་ལག་ཁང་དང་དགེ་འདུན་དཔག་མེད་བཞུགས་པ་དེར་ཞུ་བ་ཕུལ་ཚུལ་ཇོ་བོ་རྗེའི་རྣམ་ཐར་དུ་གསལ་བས་སོ།

language:
Tibetan

2. Thupten Phuntsok Dictionary

སྔར་རྒྱལ་པོའི་མངའ་འོག་ཏུ་ཡོད་པའི་མངའ་རིས་ཙམ་ལ་བོད་དང་དེའི་ལྷག་མའི་ཡུལ་རྣམས་ལ་བོད་ཆེན་ཟེར་བ་ཡིན། འགའ་ཞིག་གིས་དབུས་གཙང་གཉིས་ལ་བོད་དང་། མདོ་ཁམས་ལ་བོད་ཆེན་པོ་ཟེར་བ་ཡིན་ཚུལ་བཤད་མཁན་ཡོད་ཀྱང་དེ་མི་འགྲིག་སྟེ་འབྲོམ་སྟོན་པས་ཨ་ཏི་ཤ་ལ་བོད་ཆེན་པོ་ན་བསམ་ཡས་གཙུག་ལག་ཁང་དང་དགེ་འདུན་དཔག་མེད་བཞུགས་པ་དེར་ཕེབས་པར་ཞུ་བ་ཕུལ་ཚུལ་ཇོ་བོ་རྗེའི་རྣམ་ཐར་དུ་གསལ་བས་སོ། །

language:
Tibetan