Skip to main content Skip to search
bod mi rigs
ID:
T237756
  • བོད་མི་རིགས (Tibetan, Tibetan script, Original)
    • > bod mi rigs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bö mi rik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ལོ་རྒྱུས་ཀྱི་ཡིག་ཆ་རྙིང་པ་ཕལ་མོ་ཆེ་རྣམས་ལས་འདི་སྐད་ཅེས་གསུངས་ཏེ། ཐོག་མར་མཚོ་ཡོད་པ་རིམ་གྱིས་བྲི་ནས་ནགས་ཚལ་སྟུག་པོ་རྒྱས་པར་མཆེད་པའི་སྐབས་ཤིག་ན་ཡུལ་གྲུ་འཛིན་ནས་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་སྤྲེའུ་ཞིག་འོངས་པ་དེ་དང་བྲག་སྲིན་མོ་འདུས་པ་ལས། བོད་མི་བུ་གདུང་དྲུག་བྱུང་སྟེ་དེ་ནས་རིམ་བཞིན་མཆེད་པར་གྲགས། ད་ལྟ་འདིའི་མི་འབོར་གྱི་གྲངས་ས་ཡ་ལྔ་དང་བརྒྱད་འབུམ་བདུན་ཁྲི་ལྷག་ཙམ་ཡོད་པ་རྣམས་བོད་རང་སྐྱོང་ལྗོངས་དང་། མདོ་སྨད་མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཡོད། དེ་དག་ལས་དབུས་ཕྱོགས་སུ་སྡོད་མཁན་ལ་དབུས་པ་དང་། གཙང་ཕྱོགས་སུ་སྡོད་མཁན་ལ་གཙང་པ། མངའ་རིས་ཁུལ་དུ་སྡོད་མཁན་ལ་སྟོད་པ། ཀན་སུའུ་དང་། མཚོ་སྔོན་རྒྱུད་དུ་སྡོད་མཁན་གྱི་བོད་པ་ལ་ཨ་མདོ་བ། སི་ཁྲོན་དང་ཡུན་ནན་དུ་སྡོད་མཁན་གྱི་བོད་པ་ལ་ཁམས་པ་ཞེས་འབོད། མི་རིགས་རང་གི་སྐད་དང་ཡི་གེ་ཆ་ཚང་བ་ཡོད་པའི་ཐོག ཡུལ་སྲོལ་འཚོ་བའི་གོམས་གཤིས་སོགས་ཁྱད་པར་ཅན་ཡོད་ཅིང་། སངས་རྒྱས་ཀྱི་ཆོས་ལུགས་ལ་དད་པ་བྱེད་པ་དང་། སྒྲ་ཚད་བཟོ་གསོ་ནང་དོན་སོགས་བཅུ་ཕྲག་རིག་པའི་རིག་གཞུང་ཟབ་ཅིང་རྒྱས་པ་ཡོད་ཅིང་། ཤེས་རིག་ལག་རྒྱུན་ཡང་ཕུན་སུམ་ཚོགས་པ་ཞིག་ཡོད། ཐོན་སྐྱེད་ནི་གཙོ་ཆེར་འབྲོག་ལས་དང་། ཞིང་ལས། ཞོར་དུ་ལག་ཤེས་བཟོ་ལས་སོགས་དར་བ་ཡིན། བོད་འབངས་རྣམས་ལས་ལ་བརྩོན་ཞིང་རྟུལ་ཕོད་ཆེ་བ། ཕྱིའི་བཙན་འཛུལ་ལ་འགོག་རྒོལ་དང་། མེས་རྒྱལ་གཅིག་གྱུར་ལ་འཚོ་སྲུང་། མེས་རྒྱལ་བཟོ་སྐྲུན་བཅས་ཀྱི་ལོ་རྒྱུས་ནང་དུ་བྱས་རྗེས་རྩ་ཆེན་བཞག་པ་རེད།

language:
Tibetan