- bod yig gi yig gzugs
- ID:
- T237769
- བོད་ཡིག་གི་ཡིག་གཟུགས (Tibetan, Tibetan script, Original)
- > bod yig gi yig gzugs (Tibetan, Latin script, Transliteration-THL Extended Wylie Transliteration)
- > böyik gi yik zuk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གངས་ཅན་བོད་དུ་བོད་ཡིག་ནམ་བྱུང་སྐོར་བཞེད་པ་ཁག་གཉིས་ཡོད་ཁོངས་ནས་ཐོན་མིའི་སྔོན་ལ་བོད་ཡིག་ཡོད་པ་འདོད་པ་ལྟར་ན་སྟག་གཟིག་སྤུངས་ཡིག་ཅེས་བྱ་བ་དེ་གངས་ཅན་བོད་ཀྱི་ཡི་གེ་ཐོག་མ་དེ་ཡིན་པ་དང་། སྟག་གཟིག་སྤུངས་ཡིག་བྱུང་བའི་དུས་ནི་གཡུང་དྲུང་བོན་ཆོས་བཏོད་པའི་དུས་དང་མཚུངས་ཤིང་། སྐབས་དེར་ལྷ་བབས་ཡི་གེ གཟི་ཡིག སྨར་ཆེན། སྨར་ཆུང་སོགས་ཡིག་གཟུགས་མང་པོ་བྱུང་ཡོད་པ་དང་། ཐུ་མི་དམ་བྷོ་ཏས་སྨར་ཡིག་སོགས་ལ་དཔྱད་གཞི་མཛད་དེ་ད་ལྟའི་བོད་ཡིག་འདི་བཏོད་པར་བཞེད་དོ། བཙན་པོ་རྣམས་ཀྱི་སྐུ་རིང་ལ་དབུ་ཅན་ཡིག་གཟུགས་གྲགས་ཅན་བརྒྱད་བྱུང་བ་ནི་སྦལ་ནག་བགྲད་འདྲ། མུ་ཏིག་སྟར་བརྒྱུས། སོ་ཕག་གཤིབ་འདྲ། སེང་གེ་གནམ་མཆོངས། ནས་སྔོན་ཕྱིང་དཀར་ཐོག་བཀྲམ་འདྲ། བྱ་ཕོ་འཇོལ་འདྲ། ཉ་མོ་ཆུ་ནང་ནས་འཕྱུར་འདྲ། སྦུ་ནག་དྲུད་འདྲ་བཅས་ཡིན། དབུ་མེད་ལ་ལྡན་ལུགས་དང་ལེགས་ལུགས(ལི་ལུགས)ཁག་གཉིས་བྱུང་ཁོངས་ནས་ལྡན་ལུགས་མ་གཏོགས་ལེགས་ལུགས་མ་དར། བཙན་པོའི་དུས་ལ་བརྡ་ཡིག་དང་། འཕྲུལ་ཡིག གཏེར་ཡིག་སོགས་ཡིག་གཟུགས་ངོ་མཚར་ཅན་བཅུ་ཕྲག་ཁ་ཤས་བྱུང་བའི་ཐོག་བསྟན་པ་སྔ་དར་གྱི་དུས་མཇུག་ཏུ་ཁྱུང་པོ་གཡུ་ཁྲི་ནས་དཀྱིལ་འཁོར་གི་ཐིག་ཚད་འགོད་ཕྱོགས་ལྟར་དབུ་ཅན་ལ་ཆ་ཚད་བཟོས་ནས་བཀས་བཅད་ལྟ་བུའི་ཁྱུང་བྲིས་གཏན་འཁེལ་བྱུང་རྗེས་དབུ་ཅན་གྱི་གཟུགས་ལ་འགྱུར་བ་ཆེན་པོ་བྱུང་མེད། སྔ་དར་དང་ཕྱི་དར་བར་ལ་བར་གསར་ཟེར་བའི་ཡིག་གཟུགས་དམིགས་བསལ་ཞིག་བྱུང་ཡོད་པ་དང་། ཕྱི་དར་ཚུན་ལ་དབུ་མེད་ཀྱི་གཟུགས་ལ་འགྱུར་བ་ཆེན་པོ་བྱུང་ནས་ཚུགས་རིང་། ཚུགས་ཐུང་། ཚུགས་མ་འཁྱུག འཁྱུག་ཆེན་། འབྲུ་ཚ་ལ་སྒོ་ཞབས་མ་དང་། ཞབས་རིང་བ། ཞབས་ཐུང་བ། དཔེ་ཚུགས་ལ་སེག་ཡོད། སེག་མེད། འབྲུ་ཚུགས། ཚུགས་ཐུང་། འཁྱུག་ལ་སོགས་པར་གཞུང་བྲིས་དང་བླ་བྲིས། སྙེ་བྲིས་ཀྱི་ཁྱད་པར། དབུ་ཅན་ལ་སྙེ་བྲིས་དང་ཁམས་བྲིས་ཀྱི་ཁྱད་པར། ལྷག་པར་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་རིང་ལ་ཡིག་གཟུགས་འབྲི་རྩལ་སྤྱི་དང་། དེ་བཞིན་དབུ་མེད་ཚུགས་དང་། འབྲུ་ཚ། འཁྱུག་ཡིག་བཅས་ཀྱི་འབྲི་རྩལ་ཡར་རྒྱས་ཤིན་ཏུ་ཆེན་པོ་བྱུང་ཡོད། གཞན་ཡང་ལོ་རྒྱུས་རིམ་བྱུང་ནང་ལོ་པཎ་རྣམས་ནས་ཡིག་གསར་ཞེས་པ་གཟུགས་ཐུན་མོང་མ་ཡིན་པ་བཅུ་གྲངས་ཤིག་བཏོད་པ་དཔེར་ན། སྐྱོགས་ལོའི་ཡིག་གསར། འགོས་ལོའི་ཡིག་གསར། ཆག་ལོའི་ཡིག་གསར། ངོ་མཚར་ཡིག་གསར། བློ་ལྡན་ཡིག་གསར། དབྱངས་ལྡན་ཡིག་གསར། རྡོར་གདན་ཡིག་གསར། རིན་སྤུངས་ཡིག་གསར་སོགས་ཡིག་གཟུགས་སྣ་གྲངས་ཁྱོན་བསྡོམས་བརྒྱ་སྐོར་ཞིག་ཡོད་ཚོད་ལ་ཞིབ་ཆ་ཡིག་གཟུགས་སོ་སོའི་ཚིག་འགྲེལ་ལ་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
གངས་ཅན་བོད་དུ་བོད་ཡིག་ནམ་བྱུང་སྐོར་བཞེད་པ་ཁག་གཉིས་ཡོད་ཁོངས་ནས་ཐོན་མིའི་སྔོན་ལ་བོད་ཡིག་ཡོད་པ་འདོད་པ་ལྟར་ན་སྟག་གཟིག་སྤུང་ཡིག་ཅེས་བྱ་བ་དེ་གངས་ཅན་བོད་ཀྱི་ཡི་གེ་ཐོག་མ་དེ་ཡིན་པ་དང་། སྟག་གཟིག་སྤུངས་ཡིག་བྱུང་བའི་དུས་ནི་གཡུང་དྲུང་བོན་ཆོས་བཏོད་པའི་དུས་དང་མཚུངས་ཤིང་། སྐབས་དེར་ལྷ་བབས་ཡི་གེ གཟི་ཡིག སྨར་ཆེན། སྨར་ཆུང་སོགས་ཡིག་གཟུགས་མང་པོ་བྱུང་ཡོད་པ་དང་། ཐུ་མི་སམ་བྷོ་ཊས་སྨར་ཡིག་སོགས་ལ་དཔྱད་གཞི་མཛད་དེ་ད་ལྟའི་བོད་ཡིག་འདི་བཏོད་པར་བཞེད་དོ། །བཙན་པོ་རྣམས་ཀྱི་སྐུ་རིང་ལ་དབུ་ཅན་ཡིག་གཟུགས་གྲགས་ཅན་བརྒྱད་བྱུང་བ་ལ་སྦལ་ནག་བགྲད་འདྲ། མུ་ཏིག་སྟར་བསྒྱུས། སོ་ཕག་གཤིབ་འདྲ། སེང་གེ་གནམ་མཆོངས། ནས་སྔོན་ཕྱིང་དཀར་ཐོག་བཀྲམ་འདྲ། བྱ་ཕོ་འཇོལ་འདྲ། ཉ་མོ་ཆུ་ནང་ནས་འཕྱུར་འདྲ། སྦུ་ནག་དྲུད་འདྲ་བཅས་ཡིན། དབུ་མེད་ལ་ལྡན་ལུགས་དང་ལེགས་ལུགས (ལི་ལུགས) ཁག་གཉིས་བྱུང་ཁོངས་ནས་ལྡན་ལུགས་མ་གཏོགས་ལེགས་ལུགས་མ་དར། བཙན་པོའི་དུས་ལ་བརྡ་ཡིག་དང་། འཕྲུལ་ཡིག གཏེར་ཡིག་སོགས་ཡིག་གཟུགས་ངོ་མཚར་ཅན་བཅུ་ཕྲག་ཁ་ཤས་བྱུང་བའི་ཐོག་བསྟན་པ་སྔ་དར་གྱི་དུས་མཇུག་ཏུ་ཁྱུང་པོ་གཡུ་ཁྲི་ནས་དཀྱིལ་འཁོར་གྱི་ཐིག་ཚད་འགོད་ཕྱོགས་ལྟར་དབུ་ཅན་ལ་ཆ་ཚད་བཟོས་ནས་བཀས་བཅད་ལྟ་བུའི་ཁྱུང་བྲིས་གཏན་འཁེལ་བྱུང་རྗེས་དབུ་ཅན་གྱི་གཟུགས་ལ་འགྱུར་བ་ཆེན་པོ་བྱུང་མེད། སྔ་དར་དང་ཕྱི་དར་བར་ལ་བར་གསལ་ཟེར་བའི་ཡིག་གཟུགས་དམིགས་བསལ་ཞིག་བྱུང་ཡོད་པ་དང་། ཕྱི་དར་ཚུན་ལ་དབུ་མེད་ཀྱི་གཟུགས་ལ་འགྱུར་བ་ཆེན་པོ་བྱུང་ནས་ཚུགས་རིང་། ཚུགས་ཐུང་། ཚུགས་མ་འཁྱུག འཁྱུག་ཆེན། འབྲུ་ཚ་ལ་སྒོ་ཞབས་མ་དང་། ཞབས་རིང་བ། ཞབས་ཐུང་བ། དཔེ་ཚུགས་ལ་སེག་ཡོད། སེག་མེད། འབྲུ་ཚུགས ། ཚུགས་ཐུང་། འཁྱུག་ལ་སོགས་པར་གཞུང་བྲིས་དང་བླ་བྲིས། སྙེ་བྲིས་ཀྱི་ཁྱད་པར། དབུ་ཅན་ལ་སྙེ་བྲེས་དང་ཁམས་བྲིས་ཀྱི་ཁྱད་པར། ལྷག་པར་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་རིང་ལ་ཡིག་གཟུགས་འབྲི་རྩལ་སྤྱི་དང་། དེ་བཞིན་དབུ་མེད་ཚུགས་དང་། འབྲུ་ཚ། འཁྱུག་ཡིག་བཅས་ཀྱི་འབྲི་རྩལ་ཡར་རྒྱས་ཤིན་ཏུ་ཆེན་པོ་བྱུང་ཡོད། གཞན་ཡང་ལོ་རྒྱུས་རིམ་བྱུང་ནང་ལོ་པཎ་རྣམས་ནས་ཡིག་གསར་ཞེས་པ་གཟུགས་ཐུན་མོང་མ་ཡིན་པ་བཅུ་གྲངས་ཤིག་བཏོད་པ་དཔེར་ན། སྐྱོགས་ལོའི་ཡིག་གསར། འགོས་ལོའི་ཡིག་གསར། ཆག་ལོའི་ཡིག་གསར། ངོ་མཚར་ཡིག་གསར། བློ་ལྡན་ཡིག་གསར། དབྱངས་ལྡན་ཡིག་གསར། རྡོར་གདན་ཡིག་གསར། རུན་སྤུངས་ཡིག་གསར་སོགས་ཡིག་གཟུགས་སྣ་གྲངས་ཁྱོན་བསྡོམས་བརྒྱ་སྐོར་ཞིག་ཡོད་ཚོད་ལ་ཞིབ་ཆ་ཡིག་གཟུགས་སོ་སོའི་ཚིག་འགྲེལ་ལ་གཟིགས།
- language:
- Tibetan