Skip to main content Skip to search
bod yul ru chen lnga
ID:
T237775
  • བོད་ཡུལ་རུ་ཆེན་ལྔ (Tibetan, Tibetan script, Original)
    • > bod yul ru chen lnga (Tibetan, Latin script, Transliteration-THL Extended Wylie Transliteration)
    • > böyul ru chen nga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་དབུས་གཙང་། མངའ་རིས། མདོ་སྟོད། མདོ་སྨད་བཅས་ལ་རུ་ཆེན་ལྔར་ཕྱེ་ཡོད་པ་དང། དེ་ནི་དམག་དོན་དང་སྲིད་འཛིན་དོ་དམ་ཟུང་འབྲེལ་གྱི་ལམ་ལུགས་ཡིན་ཅིང་། དམག་དོན་གྱི་དབང་དུ་བྱས་ན་དབུས་རུ། གཡོ་རུ། གཡས་རུ། རུ་ལག སུམ་པའི་རུ་བཅས་དམག་དཔུང་གི་རུ་ཁག་རེ་རེ་ཡིན་པས་བཙན་པོ་བློན་བཅས་དམག་ལ་འགྲོ་བའི་ཚེ་གཡས་གཡོན་མདུན་རྒྱབ་བཅས་ལ་རུ་སྣེ་བསྒྲིགས་ཏེ་རུ་དར་འཕྱར་བཞིན་དུ་འགྲོ་བ་དང་། དམག་སྒར་སྡོད་པའི་ཚེ་ཡང་རུ་ཁག་སོ་སོ་མ་འདྲེས་པར་སྡོད་དགོས་པ་ཞིག་ཡིན། རུ་ཆེན་ལྔ་པོ་དེ་སྲིད་འཛིན་ས་ཁུལ་གྱི་དབང་དུ་བྱས་ན་སྤྱི་ཁྱབ་ས་ཁུལ་ལྔ་སྟེ། ཁུལ་རེ་ལ་བཀོད་འདོམས་བྱེད་པའི་བློན་ཆེན་རེ་རེ་དང་། དེའི་འོག་ཏུ་དམག་དཔོན་རྒན་གཞོན་བཞི་དང་། རུ་དཔོན། སྡེ་དཔོན། སྟོང་དཔོན། སྟོང་བུ་ཆུང་གི་རྗེ། ལྔ་བརྒྱ་ཆེན་པོ་སོགས་དཔོན་རིགས་རིམ་པ་མང་པོ་ཡོད་པ་རྣམས་འོག་ཏུ་རིམ་པས་གསལ་ཞིང་དེ་འདྲའི་དམག་སྲིད་གཅིག་གྱུར་གྱིས་དོ་དམ་བྱེད་བདེ་བ་དང་། ལྷག་པར་དུ་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བའི་ས་ཁུལ་ལ་ཆེད་ལས་དམག་དཔུང་གི་སྟོབས་ཤུགས་གཅིག་པུས་མི་ལྡང་བའི་དབང་གིས་མངའ་འབངས་ཡོངས་རྫོགས་རྗེས་གྲབས་དམག་དཔུང་དུ་མ་བསྒྱུར་ཐབས་མེད་ཡིན་པར་སྣང་།

language:
Tibetan

2. Thupten Phuntsok Dictionary

རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་དབུས་གཙང་། མངའ་རིས། མདོ་སྟོད། མདོ་སྨད་བཅས་ལ་རུ་ཆེན་ལྔར་ཕྱེ་ཡོད་པ་དང་། དེ་ནི་དམག་དོན་དང་སྲིད་འཛིན་དོ་དམ་ཟུང་འབྲེལ་གྱི་ལམ་ལུགས་ཡིན་ཅིང་། དམག་དོན་གྱི་དབང་དུ་བྱས་ན་དབུས་རུ། གཡོ་རུ། གཡས་རུ། རུ་ལག སུམ་པའི་རུ་བཅས་དམག་དཔུང་གི་རུ་ཁག་རེ་རེ་ཡིན་པས་བཙན་པོ་བློན་བཅས་དམག་ལ་འགྲོ་བའི་ཚེ་གཡས་གཡོན་མདུན་རྒྱབ་བཅས་ལ་རུ་སྣེ་བསྒྲིགས་ཏེ་རུ་དར་འཕྱར་བཞིན་དུ་འགྲོ་བ་དང་། དམག་སྒར་སྡོད་པའི་ཚེ་ཡང་རུ་ཁག་སོ་སོ་མ་འདྲེས་པར་སྡོད་དགོས་པ་ཞིག་ཡིན། རུ་ཆེན་ལྔ་པོ་དེ་སྲིད་འཛིན་ས་ཁུལ་གྱི་དབང་དུ་བྱས་ན་སྤྱི་ཁྱབ་ས་ཁུལ་ཆེན་པོ་ལྔ་སྟེ། ཁུལ་རེ་ལ་བཀོད་འདོམས་བྱེད་པའི་བློན་ཆེན་རེ་རེ་དང་། དེའི་འོག་ཏུ་དམག་དཔོན་རྒན་གཞོན་བཞི་དང་། རུ་དཔོན། སྡེ་དཔོན། སྟོང་དཔོན། སྟོང་བུ་ཆུང་གི་རྗེ། ལྔ་བརྒྱ་ཆེན་པོ་སོགས་དཔོན་རིགས་རིམ་པ་མང་པོ་ཡོད་པ་རྣམས་འོག་ཏུ་རིམ་པས་གསལ་ཞིང་དེ་འདྲའི་དམག་སྲིད་གཅིག་གྱུར་གྱིས་དོ་དམ་བྱེད་པའི་ལམ་ལུགས་དེ་ནི་གསར་དུ་བཙུགས་མ་ཐག་པའི་སྲིད་གཞུང་ལ་མཚོན་ན་དམག་སྲིད་གཅིག་གྱུར་གྱིས་དོ་དམ་བྱེད་བདེ་བ་དང་། ལྷག་པར་དུ་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བའི་ས་ཁུལ་ལ་ཆེད་ལས་དམག་དཔུང་གི་སྟོབས་ཤུགས་གཅིག་པུས་མི་ལྡང་བའི་དབང་གིས་མངའ་འབངས་ཡོངས་རྫོགས་རྗེས་གྲབས་དམག་དཔུང་དུ་མ་བསྒྱུར་ཐབས་མེད་ཡིན་པར་སྣང་།

language:
Tibetan