- bod lugs kyi khang pa thog tshad
- ID:
- T237779
- བོད་ལུགས་ཀྱི་ཁང་པ་ཐོག་ཚད (Tibetan, Tibetan script, Original)
- > bod lugs kyi khang pa thog tshad (Tibetan, Latin script, Transliteration-THL Extended Wylie Transliteration)
- > bö luk kyi khangpa tok tsé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྤྱིརབཏང་བོད་ཀྱི་ཁང་པའི་ཐོག་ཚད་གཅིག་ལ་འདོམ་དང(འདོམ་གང་ལ་ཁྲུ་བཞི)ཕྱེད་ཀ་ཡོད། དེའི་རྒྱུ་མཚན་ནི་ཚད་ལྡན་གྱི་མིའི་ལུས་པོའི་རིང་ཚད་ལ་རང་ཉིད་ཀྱི་འདོམ་གང་ཡོད་ཅིང་། གདན་ཁྲི་ལ་མཐོ་ཚད་ཁྲུ་གང་དང་། དེའི་སྟེང་དུ་རང་ཉིད་འཛེགས་ནས་ཡར་ལངས་ཏེ་ལག་པ་སྟེང་དུ་ཐད་ཀར་བསྐྱངས་ན་མགོ་བོའི་རྩེ་ནས་ཁང་པའི་ཐོག་ལ་མ་ཐུག་བར་ཁྲུ་གང་བྱས་པའི་ཁྲུ་དོན་ནི་འདོམ་ཕྱེད་ཀ་ཡིན། མ་ཐར་རང་ཉིད་ས་སྟེང་དུ་ལངས་སྟེ་ལག་པ་སྟེང་དུ་བརྐྱངས་ན་ཁང་པའི་ཐོག་ལ་བསྙབས་ཐུབ་པ་ཞིག་དགོས། རྩེ་པོ་ཏ་ལའི་ཁང་པའི་ཐོག་ཚད་ནི། ཚོམས་ཆེན་ཤར་ནུབ་དང་ལྷ་ཁང་འགའ་ཞིག་ལ་ཐོག་ཚད་འདོམ་དོ་ཙམ་ཡོད་ཅིང་། ཕོ་བྲང་དཀར་པོའི་རྩེ་ཐོག་གི་ཟིམ་ཆུང་ཁག་དང་། བར་ཁྱམས་སོགས་ཁག་གཅིག་གི་ཐོག་ཚད་ནི་འདོམ་གང་དང་ཁྲུ་གང་ཙམ་ལས་མེད་ལ། ལྷ་ས་གྲོང་ཁྱེར་ནང་གི་སྔ་མོའི་སྡོད་ཁང་རྙིང་ཁུངས་འགའ་ཞིག་གི་ཐོག་ཚད་ནི་རང་ཉིད་ས་སྟེང་དུ་ལངས་སྟེ་ལག་པ་སྟེང་དུ་བརྐྱམས་ན་ཁང་པའི་ཐོག་ལ་ཐུག་འགྲོ་བ་དེ་ཙམ་གྱི་མཐོ་ཚད་མ་གཏོགས་མེད།
- language:
- Tibetan
2. Thupten Phuntsok Dictionary
སྤྱིར་བཏང་བོད་ཀྱི་ཁང་པའི་ཐོག་ཚད་གཅིག་ལ་འདོམ་དང་ (འདོམ་གང་ཁྲུ་བཞི) ཕྱེད་ཀ་ཡོད། དེའི་རྒྱུ་མཚན་ནི་ཚད་ལྡན་གྱི་མིའི་ལུས་པོའི་རིང་ཚད་ལ་རང་ཉིད་ཀྱི་འདོམ་གང་ཡོད་ཅིང་། གདན་ཁྲི་ལ་མཐོ་ཚད་ཁྲུ་གང་དང་། དེའི་སྟེང་དུ་རང་ཉིད་འཛེགས་ནས་ཡར་ལངས་ཏེ་ལག་པ་སྟེང་དུ་ཐད་ཀར་བསྐྱངས་ན་མགོ་བོའི་རྩེ་ནས་ཁང་པའི་ཐོག་ལ་མ་ཐུག་བར་ཁྲུ་གང་བྱས་པའི་ཁྲུ་དོ་ནི་འདོམ་ཕྱེད་ཀ་ཡིན། མ་མཐར་རང་ཉིད་ས་སྟེང་དུ་ལངས་ཏེ་ལག་པ་སྟེང་དུ་བརྐྱངས་ན་ཁང་པའི་ཐོག་ལ་བསྙབས་ཐུབ་པ་ཞིག་དགོས། རྩེ་པོ་ཏ་ལའི་ཁང་པའི་ཐོག་ཚད་ནི། ཚོམས་ཆེན་ཤར་ནུབ་དང་ལྷ་ཁང་འགའ་ཞིག་ལ་ཐོག་ཚད་འདོམ་དོ་ཙམ་ཡོད་ཅིང་། ཕོ་བྲང་དཀར་པོའི་རྩེ་ཐོག་གི་གཟིམ་ཆུང་ཁག་དང་། བར་ཁྱམས་སོགས་ཁག་གཅིག་གི་ཐོག་ཚད་ནི་འདོམ་གང་དང་ཁྲུ་གང་ཙམ་ལས་མེད་ལ། ལྷ་ས་གྲོང་ཁྱེར་ནང་གི་སྔ་མོའི་སྡོད་ཁང་རྙིང་ཁུངས་འགའ་ཞིག་གི་ཐོག་ཚད་ནི་རང་ཉིད་ས་སྟེང་དུ་ལངས་ཏེ་ལག་པ་སྟེང་དུ་བརྐྱངས་ན་ཁང་པའི་ཐོག་ལ་ཐུག་འགྲོ་བ་དེ་ཙམ་གྱི་མཐོ་ཚད་མ་གཏོགས་མེད།
- language:
- Tibetan