- bon gyi ston pa gshen rab mi bo che
- ID:
- T237784
- བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ (Tibetan, Tibetan script, Original)
- > bon gyi ston pa gshen rab mi bo che (Tibetan, Latin script, Transliteration-THL Extended Wylie Transliteration)
- > bön gyi tönpa shen rab miwo ché (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ཉིད་ཞང་ཞུང(སྟག་གཟིག་ཅེས་པའང་སྣང)ཡུལ་གྱི་འོལ་མོ་ལུང་རིང་དུ་ཡབ་རྒྱལ་པོ་ཐོད་དཀར་དང་ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ལོ་རྒྱུས་ཡིག་ཚང་འགར་འདི་ཉིད་སྤྱི་ལོའི་དུས་རབས་མ་ཚུགས་གོང་གི་ལོ་དྲུག་བརྒྱ་ཡས་མས་ཤིག་ལ་བྱོན་པར་གསུངས། བོན་གྱི་བསྟན་པ་ནི་བོད་ཀྱི་གདོད་མའི་ཆོས་ལུགས་ཡིན་པ་དེ་སྟོན་པ་གཤེན་རབས་མི་བོ་ཆེས་གསུངས་ཤིང་། དེ་ལ་གཡུང་དྲུང་བོན་ཞེས་གྲགས། གཡུང་དྲུང་གི་རྟགས་འདི་བོན་གྱི་བསྟན་པ་མཚོན་བྱེད་ཀྱི་བསྟན་རྟགས་དེ་མི་འགྱུར་རྟག་བརྟན་གྱི་མཚོན་དོན་ཡིན། སྤྱིར་བོན་གྱི་བསྟན་པ་ལ་ཕྱི་ནང་གསང་གསུམ་གྱི་དབྱེ་བ་ཡོད་དོ། སྟོན་པ་གཤེན་རབ་ཀྱི་ཡར་སྔོན་དུ་བོན་སྐུའི་སྟོན་པ་ཀུན་དུ་བཟང་པོ་གྲོལ་ལམ་རྫོགས་པ་ཆེན་མོའི་བསྟན་པ་སྤེལ་བ་ལ་གསང་རྒྱུད་དང་། ལོངས་སྐུའི་སྟོན་པ་གཤེན་ལྷ་འོད་དཀར་གྱིས་གསང་སྔགས་ཀྱི་བསྟན་པ་སྤེལ་བ་ལ་སྔ་རྒྱུད། ཕྱིས་སུ་སྤྲུལ་སྐུའི་སྟོན་པ་གཤེན་རབ་མི་བོས་སྤེལ་བའི་མདོ་ཕྱོགས་ཀྱི་གཙོས་པའི་བསྟན་པ་ལ་ཕྱི་རྒྱུད་ཟེར། ཕྱི་རྒྱུད་བོན་གྱི་གཞུང་ལུགས་ཚང་མ་ཐེག་པ་རིམ་པ་དགུའམ། བོན་སྒོ་བཞི། མཛོད་སོགས་སུ་འདུས་ཤིང་། ཐེག་པ་རིམ་པ་དགུ་ནི། ཕྱྭ་གཤེན། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་ཏེ་རྒྱུའི་ཐེག་པ་བཞི་དང་། དགེ་བསྙེན། དྲང་སྲོང་། ཨ་དཀར། ཡེ་གཤེན་ཏེ་འབྲས་བུའི་ཐེག་པ་བཞི་དང་། ཁྱད་པར་ཆེན་པོའི་ཐེག་པ་གཅིག་དང་བཅས་དགུའོ། ལྷ་བོན་སྒོ་བཞིའི་ཁོངས་སུ་མོ་དང་། པྲ། གཏོ་བཅོས། རྩིས། སྨན་དཔྱད་སོགས་ཀྱང་འདུས་ཡོད། ལོ་རྒྱུས་ཡིག་ཚང་འགར་བོད་རྒྱལ་པུ་དེ་གུང་རྒྱལ་གྱི་སྐུ་དུས་སུ་སྟོན་པ་གཤེན་རབ་མི་བོ་ཆེས་ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད་ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ་དར་ཞིང་རྒྱས་པར་མཛད། དེ་དུས་གཡུང་དྲུང་གི་བོན་བྱུང་ཞེས་པའང་སྣང་།
- language:
- Tibetan
2. Thupten Phuntsok Dictionary
འདི་ཉིད་ཞང་ཞུང་ཡུལ་གྱི་འོལ་མོ་ལུང་རིང་དུ་ཡབ་རྒྱལ་པོ་ཐོད་དཀར་དང་ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་སྤྱི་ལོའི་སྔོན་གྱི་༡༩༡༧པའི་ཤིང་བྱི་ལོར་སྐུ་འཁྲུངས། བོན་གྱི་ཡིག་རྙིང་ལྟར་ན་སྤྱི་ལོའི་སྔོན་གྱི་༡༦༠༠༨ལོར་འཁྲུངས་པར་བཞེད། བོན་གྱི་བསྟན་པ་ནི་བོད་ཀྱི་གདོད་མའི་ཆོས་ལུགས་ཡིན་པ་དེ་སྟོན་པ་གཤེན་རབ་མི་བོ་ཆེས་གསུངས་ཤིང་། དེ་ལ་གཡུང་དྲུང་བོན་ཞེས་གྲགས། གཡུང་དྲུང་གི་རྟགས་འདི་བོན་གྱི་བསྟན་པ་མཚོན་བྱེད་ཀྱི་བསྟན་རྟགས་ཏེ་མི་འགྱུར་རྟག་བརྟན་གྱི་མཚོན་དོན་ཡིན། སྤྱིར་བོན་གྱི་བསྟན་པ་ལ་ཕྱི་ནང་གསང་གསུམ་གྱི་དབྱེ་བ་ཡོད་དེ། སྟོན་པ་གཤེན་རབ་ཀྱི་ཡར་སྔོན་དུ་བོན་སྐུའི་སྟོན་པ་ཀུན་ཏུ་བཟང་པོས་གྲོལ་ལམ་རྫོགས་པ་ཆེན་མོའི་བསྟན་པ་སྤེལ་བ་ལ་གསང་རྒྱུད་དང་། ལོངས་སྐུའི་སྟོན་པ་གཤེན་ལྷ་འོད་དཀར་གྱིས་གསང་སྔགས་ཀྱི་བསྟན་པ་སྤེལ་བ་ལ་སྔགས་རྒྱུད། ཕྱིས་སུ་སྤྲུལ་སྐུའི་སྟོན་པ་གཤེན་རབ་མི་བོས་སྤེལ་བའི་མདོ་ཕྱོགས་ཀྱིས་གཙོས་པའི་བསྟན་པ་ལ་ཕྱི་རྒྱུད་ཟེར། ཕྱི་རྒྱུད་བོན་གྱི་གཞུང་ལུགས་ཚང་མ་ཐེག་པ་རིམ་པ་དགུའམ། བོན་སྒོ་བཞི། མཛོད་ལྔ་སོགས་སུ་འདུས་ཤིང་། ཐེག་པ་རིམ་པ་དགུ་ནི། ཕྱྭ་གཤེན། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་ཏེ་རྒྱུའི་ཐེག་པ་བཞི་དང་། དགེ་བསྙེན། དྲང་སྲོང་། ཨ་དཀར། ཡེ་གཤེན་ཏེ་འབྲས་བུའི་ཐེག་པ་བཞི་དང་། ཁྱད་པར་ཆེན་པོའི་ཐེག་པ་གཅིག་དང་བཅས་དགུའོ། །ལྷ་བོན་སྒོ་བཞིའི་ཁོངས་སུ་མོ་དང་། པྲ། གཏོ་བཅོས། རྩིས། སྨན་དཔྱད་སོགས་ཀྱང་འདུས་ཡོད།
- language:
- Tibetan