Skip to main content Skip to search
bon grong tshe brtan ye shes
ID:
T237786
  • བོན་གྲོང་ཚེ་བརྟན་ཡེ་ཤེས (Tibetan, Tibetan script, Original)
    • > bon grong tshe brtan ye shes (Tibetan, Latin script, Transliteration-THL Extended Wylie Transliteration)
    • > bön drong tsé ten yeshe (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མཚན་གཞན་བོན་གྲོང་མཁས་པ་ཞུ་བ་འདི་ནི་པ་སྣམ་རྫོང་ཁོངས་ཞལ་ལྕེ་བོན་གྲོང་དུ་དུས་རབས་བཅུ་བདུན་པའི་སྨད་ཙམ་དུ་སྐུ་འཁྲུངས། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་སྲིད་གཞུང་གི་ཞབས་འབྲིང་ཡང་མཛད། སྙན་རྩོམ་ལ་མཁས་པས《ཇ་ཆང་ལྷ་མོའི་བསྟན་བཅོས》དང་། 《དེ་དཀར་ལེགས་བཤད》《རྨི་ལམ་ལྷ་མོའི་བསྟན་བཅོས》《བོན་གྲོང་ཆབ་ཤོག》སོགས་བརྗོད་བྱ་ཟབ་ལ་རྗོད་བྱེད་སྙན་འཇེབས་ལྡན་པའི་ཕུལ་བྱུང་གི་ཕྱག་རྩོམ་མང་དུ་མཛད། སྐུ་ན་བགྲེས་ནས་ཁྱིམ་གཞིས་སུ་བསྟན་བཅོས་རྩོམ་འབྲི་དང་སློབ་པ་བསྐྱངས་ནས་བཞུགས་སྐད།

language:
Tibetan

2. Thupten Phuntsok Dictionary

མཚན་གཞན་བོན་གྲོང་མཁས་པ་ཞུ་བ་འདི་ནི་པ་སྣམ་རྫོང་ཁོངས་ཞལ་ལྕེ་བོན་གྲོང་དུ་དུས་རབས་བཅུ་བདུན་པའི་སྨད་ཙམ་དུ་སྐུ་འཁྲུངས། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་སྲིད་གཞུང་གི་ཞབས་འབྲིང་ཡང་མཛད། སྙན་རྩོམ་ལ་མཁས་པསཇ་ཆང་ལྷ་མོའི་བསྟན་བཅོས》དང་། དེ་དཀར་ལེགས་བཤད》 རྨི་ལམ་ལྷ་མོའི་བསྟན་བཅོས》 བོན་གྲོང་ཆབ་ཤོག》 སོགས་བརྗོད་བྱ་ཟབ་ལ་རྗོད་བྱེད་སྙན་འཇེབས་ལྡན་པའི་ཕུལ་བྱུང་གི་ཕྱག་རྩོམ་མང་དུ་མཛད། སྐུ་ན་བགྲེས་ནས་ཁྱིམ་གཞིས་སུ་བསྟན་བཅོས་རྩོམ་འབྲི་དང་སློབ་མ་བསྐྱངས་ནས་བཞུགས་སྐད།

language:
Tibetan