Skip to main content Skip to search
bya pa khri dpon
ID:
T237842
  • བྱ་པ་ཁྲི་དཔོན (Tibetan, Tibetan script, Original)
    • > bya pa khri dpon (Tibetan, Latin script, Transliteration-THL Extended Wylie Transliteration)
    • > japa tri pön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདི་ཡི་ལོ་རྒྱུས་སྐོར་བྱ་པ་ཁྲི་དཔོན་བཀྲ་ཤིས་དར་རྒྱས་ཀྱིས་བརྩམས་པའི་ཆོས་རྒྱལ་བྱ་བའི་གདུང་རབས་ཞེས་པའི་དཔེ་ཆ་ཞིག་ཡོད་ཅེས་ཁོ་བོའི་དགེ་རྒན་དམ་པའི་ཞལ་ལས་དངོས་སུ་ཐོས་ཀྱང་དཔེ་ཆ་མ་མཐོང་བ་མ་ཟད། སྔར་གྱི་ལོ་རྒྱུས་དཀར་ཆག་ནང་དུ་ཡང་མི་འདུག་པས་རྗེས་སུ་རྩད་གཅོད་བྱ་རྒྱུ་དང་། འདིར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ཤོག་གྲངས༢༤༠ནས༢༤༤བར་གསལ་བ་ནས་དོན་བསྡུས་དེ་འགོད་ན། ཡུལ་ཡང་གླུང(ལུང)ཀྱི་སྨད། མ་ཡུམ་ལྗོངས་ཀྱི་འདབས་སུ། བྱའི་རྒྱལ་པོ་གཤོག་བཟང་དང་། འདབ་བཟང་གི་རིགས་ལས་མི་བརྒྱུད་མང་དུ་བྱུང་བ་ལས་མཆེད་པས། བྱ་པ་ཞེས་གྲགས་པ་ཡིན་ཚུལ་གསལ་ཞིང་། གང་ལྟར་མི་བརྒྱུད་དེ་དག་ལ་བྱ་ཆོས་ཀྱི་ཀ་བ་དང་། གཅུང་པོ་ཐོད་པ་གཡུའི་སྨིན་པ་ཅན་སྤུན་མཆེད་གཉིས། ཆུང་བའི་བུ་མཁན་པོ་ཡོན་ཏན་མཆོག་དང་། བྱ་ཤ་ཀ་གཉིས། གཅེན་གྱིས་རབ་ཏུ་བྱུང་བ། ཨེ་ནས་ཀློག བྱར་ནས་ཤར་མདའ། དྭགས་པོ་ནས་གྲོམ་མདའ། གཉན་ནས་སྲིན་པོ་མིག་བཅས་བཟུང་། གཅུང་པོ་བྱ་ཤ་ཀ་ལ་བུ་རྡོ་རྗེ་ལེགས་པ་དང་། རྡོ་རྗེ་དབང་ཕྱུག་གཉིས་བྱུང་བ་གཉལ་དུ་ཡོང་རྒྱ་མཚོ་གྲོང་མཁར་བཏབ། གཅུང་པོ་རྡོ་རྗེ་དབང་ཕྱག་གི་བུ། བླ་མ་བྱ་ནག་པ་རིན་ཆེན་དཔལ་ཞེས་པ་རབ་བྱུང་གསུམ་པའི་དཀྱིལ་གྱི་མེ་བྱ(༡༡༧༧)ལོའི་རྗེས་སུ་བྱུང་། (འདིའི་རྒྱུ་མཚན་རབ་བྱུང་གསུམ་པའི་མཇུག་གི་ཤིང་བྱི(༡༢༠༤)ལོར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་བོད་དུ་བྱོན་དུས་ཁོང་གིས་ཆོས་མང་པོ་ཞུས་པར་འདིའི་ལོ་རྒྱུས་ལས་བཤད་པས་སོ) ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་སོགས་མཁས་པ་མང་པོ་བརྟེན། བྱ་ཡུལ་ཕོ་བྲང་ཡང་རྩེའི་གཙུག་ལག་ཁང་བཞེངས། འདི་ལ་བུ་བྱ་ཇོ་སྲས། དེའི་བུ་མངའ་བདག དེ་ལ་བུ་གསུམ་སྟེ་དགེ་སློང་། བྱ་རིན་ཆེན། ཆོས་རྒྱལ་དཔལ་བཟང་། བུ་ཆེ་བའི་བུ་བཞི་སྟེ། རིན་ཆེན་དཔལ། དབང་ཕྱུག་རིན་ཆེན། རིན་ཆེན་བཟང་པོ། དྭགས་པོ་བ་བཞི་བྱུང་ཞིང་། དྭགས་པོ། གཉལ། ལོ་རོ་རྣམས་སུ་གཞིས་ཀ་མང་དུ་བརྩིགས། བུ་གཉིས་པ་བྱ་རིན་ཆེན་གྱིས་གཉལ། བྱར། དྭགས་པོ། ལོ་རོ་རྣམས་ཀྱི་དཔུང་ཁྲིད་ནས་ཧོར་དམག་བཟློག་པས། ཡུལ་གྱི་དཔོན་དུ་གྱུར། དེའི་བུ་ཀུན་དགའ་རིན་ཆེན། བྱ་ཆོས་རྒྱལ་དཔལ་བཟང་། ཨ་མི་བྱ་ནག་གསུམ། བུ་ཆུང་བ་ཨ་མི་བྱ་ནག་ལ་བུ་བཞི་སྟེ། ཀུན་དགའ་རྒྱལ་མཚན། མཁན་ཆེན་སྤྱིལ་བུ་བ། མངའ་བདག་ཆོས་སེང་འོད། བྱ་ཐུབ་པ་དཔལ་རྣམས་ལས། བུ་གསུམ་པ་མངའ་བདག་ཆོས་སེང་འོད་འདི་ཉིད། འབྲི་གུང་པའི་ཚ་བོ་ཡིན་པར་བརྟེན། བྱར་དྭགས་ཀྱི་དཔོན་དུ་བསྐོས་ནས་ཁྲི་དཔོན་གྱི་གོ་གནས་བྱུང་བ་དེ་བྱ་པ་ཁྲི་དཔོན་གྱི་ཐོག་མ་ཡིན། སྔར་སྡེ་སྲིད་ཕག་མོ་གྲུ་པ་དང་ས་གནས་སྲིད་གཞུང་གི་སྐབས་རིན་ཆེན་རྒྱན་ཆ་ཞེས་གྲགས་པའི་ཆས་འདི་ཡང་འདི་ཡི་དུས་བྱུང་བར་གྲགས། (བྱ་པའི་མི་རྒྱུད་རྣམས་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐབས་ཆད་པར་བརྟེན་དའི་ཕ་གཞིས་རྣམས་རྡོ་རིང་ལ་གནང་འདུག)དེ་མན་ཆད་ཀྱི་ལོ་རྒྱུས་རྣམས་གོང་གསལ《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ཀྱི་འཕྲོས་དེར་གཟིགས།

language:
Tibetan

2. Thupten Phuntsok Dictionary

འདི་ཡི་ལོ་རྒྱུས་སྐོར་བྱ་པ་ཁྲི་དཔོན་བཀྲ་ཤིས་དར་རྒྱས་ཀྱིས་བརྩམས་པའི་ཆོས་རྒྱལ་བྱ་བའི་གདུང་རབས་ཞེས་པའི་དཔེ་ཆ་ཞིག་ཡོད་ཅེས་ཁོ་བོའི་དགེ་རྒན་དམ་པའི་ཞལ་ལས་དངོས་སུ་ཐོས་ཀྱང་དཔེ་ཆ་མ་མཐོང་བ་མ་ཟད། སྔར་གྱི་ལོ་རྒྱུས་དཀར་ཆག་ནང་དུ་ཡང་མི་འདུག་པས་རྗེས་སུ་རྩད་གཅོད་བྱ་རྒྱུ་དང་། འདིར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའིདེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ཤོག་གྲངས༢༤༠ནས༢༤༤བར་གསལ་བ་ནས་དོན་བསྡུས་ཏེ་འདོད་ན། ཡུལ་ཡར་ཀླུང (ལུང) ཀྱི་སྨད། མ་ཡུལ་ལྗོངས་ཀྱི་འདབས་སུ། བྱའི་རྒྱལ་པོ་གཤོག་བཟང་དང་། འདབ་བཟང་གི་རིགས་ལས་མི་བརྒྱུད་མང་དུ་བྱུང་བ་ལས་མཆེད་པས། བྱ་པ་ཞེས་གྲགས་པ་ཡིན་ཚུལ་གསལ་ཞིང་། གང་ལྟར་མི་བརྒྱུད་དེ་དག་ལས་བྱ་ཆོས་ཀྱི་ཀ་བ་དང་། གཅུང་པོ་ཐོད་པ་གཡུའི་སྨིན་མ་ཅན་སྤུན་མཆེད་གཉིས། ཆུང་བའི་བུ་མཁན་པོ་ཡོན་ཏན་མཆོག་དང་། བྱ་ཤ་ཀ་གཉིས། གཅེན་གྱིས་རབ་ཏུ་བྱུང་། ཨེ་ནས་ཀློག བྱར་ནས་ཤར་མདའ། དྭགས་པོ་ནས་གྲོམ་མདའ། གཉན་ནས་སྲིན་མོ་མིག་བཅས་བཟུང་། གཅུང་པོ་བྱ་ཤ་ཀ་ལ་བུ་རྡོ་རྗེ་ལེགས་པ་དང་། རྡོ་རྗེ་དབང་ཕྱུག་གཉིས་བྱུང་བ་གཉལ་དུ་ཡོང་རྒྱ་མཚོ་གྲོང་མཁར་བཏབ། གཅུང་པོ་རྡོ་རྗེ་དབང་ཕྱུག་གི་བུ། བླ་མ་བྱ་ནག་པ་རིན་ཆེན་དཔལ་ཞེས་པ་རབ་བྱུང་གསུམ་པའི་དཀྱིལ་གྱི་མེ་བྱ (༡༡༧༧) ལོའི་རྗེས་སུ་བྱུང་། (འདིའི་རྒྱུ་མཚན་རབ་བྱུང་གསུམ་པའི་མཇུག་གི་ཤིང་བྱི (༡༢༠༤) ལོར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་བོད་དུ་བྱོན་དུས་ཁོང་གིས་ཆོས་མང་པོ་ཞུས་པར་འདིའི་ལོ་རྒྱུས་ལས་བཤད་པས་སོ) ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་སོགས་མཁས་པ་མང་པོ་བརྟེན། བྱ་ཡུལ་ཕོ་བྲང་ཡང་རྩེའི་གཙུག་ལག་ཁང་བཞེངས། འདི་ལ་བུ་བྱ་ཇོ་སྲས། དེའི་བུ་མངའ་བདག དེ་ལ་བུ་གསུམ་སྟེ་དགེ་སློང་། བྱ་རིན་ཆེན། ཆོས་རྒྱལ་དཔལ་བཟང་། བུ་ཆེ་བའི་བུ་བཞི་སྟེ། རིན་ཆེན་དཔལ། དབང་ཕྱུག་རིན་ཆེན། རིན་ཆེན་བཟང་པོ། དྭགས་པོ་བ་བཞི་བྱུང་ཞིང་། དྭགས་པོ། གཉལ། ལོ་རོ་རྣམས་སུ་གཞིས་ཀ་མང་དུ་བརྩིགས། བུ་གཉིས་པ་བྱ་རིན་ཆེན་གྱིས་གཉལ། བྱར། དྭགས་པོ། ལོ་རོ་རྣམས་ཀྱི་དཔུང་ཁྲིད་ནས་ཧོར་དམག་བཟློག་པས། ཡུལ་གྱི་དཔོན་དུ་གྱུར། དེའི་བུ་ཀུན་དགའ་རིན་ཆེན། བྱ་ཆོས་རྒྱལ་དཔལ་བཟང་། ཨ་མི་བྱ་ནག་གསུམ། བུ་ཆུང་བ་ཨ་མི་བྱ་ནག་ལ་བུ་བཞི་སྟེ། ཀུན་དགའ་རྒྱལ་མཚན། མཁན་ཆེན་སྤྱིལ་བུ་བ། མངའ་བདག་ཆོས་སེང་འོད། བྱ་ཐུབ་པ་དཔལ་རྣམས་ལས། བུ་གསུམ་པ་མངའ་བདག་ཆོས་སེང་འོད་འདི་ཉིད། འབྲི་གུང་པའི་ཚ་བོ་ཡིན་པར་བརྟེན། བྱར་དྭགས་ཀྱི་དཔོན་དུ་བསྐོས་ནས་ཁྲི་དཔོན་གྱི་གོ་གནས་བྱུང་བ་དེ་བྱ་པ་ཁྲི་དཔོན་གྱི་ཐོག་མ་ཡིན། སྔར་སྡེ་སྲིད་ཕག་མོ་གྲུ་པ་དང་ས་གནས་སྲིད་གཞུང་གི་སྐབས་རིན་ཆེན་རྒྱན་ཆ་ཞེས་གྲགས་པའི་ཆས་འདི་ཡང་འདི་ཡི་དུས་བྱུང་བར་གྲགས་སོ། །

language:
Tibetan