- bya mig can
- ID:
- T237859
- བྱ་མིག་ཅན (Tibetan, Tibetan script, Original)
- > bya mig can (Tibetan, Latin script, Transliteration-THL Extended Wylie Transliteration)
- > ja mikchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྲོགས་ཆགས་ཀྱི་ནང་ནས་བྱི་ཡི་རིགས་རྣམས་མིག་འཛུམ་སྐབས་མིག་པགས་འོག་མས་གོང་མ་ལ་ཡར་བཀབ་ནས་འཛུམ་དགོས་པ་དང་། མི་རྣམས་མང་ཆེ་བ་མིག་དབང་ཆེད་དུ་གཉེར་ནས་འཛུམ་སྐབས་མིག་པགས་གོང་འོག་གཉིས་ཀ་ཡས་མས་སུ་གཏུགས་ནས་འཛུམ་གྱི་ཡོད་ཀྱང་། རྒྱུན་ལྡན་རང་བཞིན་གྱི་མིག་འཛུམ་སྐབས་མིག་པགས་གོང་མས་འོག་མ་ལ་མར་འགེབས་ཏེ་འཛུམ་དགོས། གལ་ཏེ་མི་འགའ་ཞིག་ལ་བྱ་རིགས་དང་འདྲ་བར་མིག་མས་འགེབས་ཀྱིས་འཛུམ་པ་བྱུང་ན་མི་དེ་འདྲའི་རིགས་ལ་བྱ་མིག་ཅན་ཟེར་སྲོལ་ཡོད་ཅིང་། བོད་ལོ་རྒྱུས་ཐོག་རྒྱལ་པོ་དགའ་ལྡན་ཚེ་དབང་སོགས་བྱ་མིག་ཅན་གྱི་མི་ཉུང་ཤས་བྱུང་མྱོང་བ་རེད།
- language:
- Tibetan
2. Thupten Phuntsok Dictionary
སྲོག་ཆགས་ཀྱི་ནང་ནས་བྱ་ཡི་རིགས་རྣམས་མིག་འཛུམ་སྐབས་མིག་ལྤགས་འོག་མས་གོང་མ་ལ་ཡར་བཀབ་ནས་འཛུམ་དགོས་པ་དང་། མི་རྣམས་མང་ཆེ་བ་མིག་དབང་ཆེད་དུ་གཉེར་ནས་འཛུམ་སྐབས་མིག་ལྤགས་གོང་འོག་གཉིས་ཀ་ཡས་མས་སུ་གཏུགས་ནས་འཛུམ་སྐབས་མིག་ལྤགས་གོང་མས་འོག་མ་ལ་མར་འགེབས་ཏེ་འཛུམ་དགོས། གལ་ཏེ་མི་འགའ་ཞིག་ལ་བྱ་རིགས་དང་འདྲ་བར་མིག་མས་འགེབས་ཀྱིས་འཛུམ་པ་བྱུང་ན་མི་དེ་འདྲའི་རིགས་བྱ་མིག་ཅན་ཟེར་སྲོལ་ཡོད་ཅིང་། བོད་ཀྱི་ལོ་རྒྱུས་ཐོག་རྒྱལ་པོ་དགའ་ལྡན་ཚེ་དབང་སོགས་བྱ་མིག་ཅན་གྱི་མི་ཉུང་ཤས་བྱུང་མྱོང་བ་རེད།
- language:
- Tibetan