- byang ngos pa rig 'dzin rdo rje
- ID:
- T237902
- བྱང་ངོས་པ་རིག་འཛིན་རྡོ་རྗེ (Tibetan, Tibetan script, Original)
- > byang ngos pa rig 'dzin rdo rje (Tibetan, Latin script, Transliteration-THL Extended Wylie Transliteration)
- > jang ngöpa rigdzin dorjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བྱང་ངོས་པ་རིག་འཛིན་རྡོ་རྗེ་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་བྱི་༡༩༠༠ལོ་སྟོད་ལུང་གི་སྒེར་རིན་སྒང་པའི་ཁྱིམ་དུ་འཁྲུངས། རྗེས་སུ་སྒེར་བྱང་ངོས་པའི་མག་པར་ཕེབས་གཤིས་སྒེར་བྱང་ངོས་པའི་ཐོག་མིང་སྒྱུར་བྱས་ཤིང་། ཆུ་གླང་༡༩༡༣ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་བོད་དུ་ཚན་རིག་རིག་གནས་གོང་འཕེལ་ཡོང་ཕྱིར་སྐུ་དྲག་གི་བུ་ཕྲུག་ཁག་གཅིག་དབྱིན་ཇིའི་ལོན་ཀྲོན་དུ་སློབ་སྦྱོང་ལ་གཏོང་གནང་མཛད་པའི་གྲས་ཡིན། ཁོང་གིས་འབད་བརྩོན་ཆེན་པོས་སློབ་སྦྱོང་གནང་སྟེ་གློག་ལས་ཀྱི་ལག་རྩལ་སྦྱང་བརྩོན་གཙོ་བོར་མཛད་དེ་སློབ་ཐོན་ལག་ཁྱེར་ཡང་ཐོབ་ནས་ཆུ་ཕག་༡༩༢༣ལོར་བོད་དུ་ཕྱིར་ལོག་གནང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་དགྱེས་མཉེས་ཆེན་པོས་མཛད། ཤིང་བྱི་༡༩༢༤ལོར་བོད་ཀྱི་གློག་ཁང་དང་པོ་སྟེ་ལྷ་སའི་བྱང་ངོས་དོག་བདེ་གློག་ཁང་གསར་རྒྱག་གི་ཇུས་འགོད་དང་། ཐིག་ལེན། འཕྲུལ་འཁོར་སྒྲིག་གཤོམ་སོགས་ཁོང་ངོ་མས་འཀོད་ཇུས་གནང་ནས་ས་འབྲུག་༡༩༢༨ལོར་ཆུ་ཤུགས་གློག་ཁང་དངོས་སུ་ལེགས་བསྒྲུབས་ཟིན་ཏེ་སྐྱོན་མེད་ངང་གློག་འདོན་ཐུབ་པ་བྱུང་བ་དང་། ཁོང་གིས་བོད་རིགས་གློག་ལས་མཁན་ཡང་གསོ་སྐྱོང་གནང་བ་བཅས་བོད་དུ་གློག་ལས་ཐོག་མཛད་རྗེས་བཞག་གནང་ཡོད། ཁོང་གི་འབད་བརྩོན་ཆེན་པོས་གློག་འཕྲུལ་གྱི་ཕྱག་ལས་རྒྱུན་མཐུད་གནང་མུར་དེ་སྔའི་བོད་ས་གནས་སྲིད་གཞུང་གི་ལྷ་ས་གཉེར་ཚང་བའི་འགན་འཁུར་ཐོག་དམིགས་བསལ་རིམ་པ་བཞི་པའི་གོ་མིང་ཡང་བྱུང་བ་རེད།
- language:
- Tibetan
2. Thupten Phuntsok Dictionary
བྱང་ངོས་པ་རིག་འཛིན་རྡོ་རྗེ་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་བྱི (༡༩༠༠) ལོ་སྟོད་ལུང་གི་སྒེར་རིན་སྒང་པའི་ཁྱིམ་དུ་འཁྲུངས། རྗེས་སུ་སྒེར་བྱང་ངོས་པའི་མག་པར་ཕེབས་གཤིས་སྒེར་བྱང་ངོས་པའི་ཐོག་མིང་སྒྱུར་བྱས་ཤིང་། ཆུ་གླང་ (༡༩༡༣) ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་བོད་དུ་ཚན་རིག་རིག་གནས་གོང་འཕེལ་ཡོང་ཕྱིར་སྐུ་དྲག་གི་བུ་ཕྲུག་ཁག་གཅིག་དབྱིན་ཇིའི་ལོན་ཁྲོན་དུ་སློབ་སྦྱོང་ལ་གཏོང་གནང་མཛད་པའི་གྲས་ཡིན། ཁོང་གིས་འབད་བརྩོན་ཆེན་པོས་སློབ་སྦྱོང་གནང་སྟེ་གློག་ལས་ཀྱི་ལག་རྩལ་སྦྱང་བརྩོན་གཙོ་བོར་མཛད་དེ་སློབ་ཐོན་ལག་ཁྱེར་ཡང་ཐོབ་ནས་ཆུ་ཕག་ (༡༩༢༣) ལོར་བོད་དུ་ཕྱིར་ལོག་གནང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་དགྱེས་མཉེས་ཆེན་པོ་མཛད། ཤིང་བྱི་ (༡༩༢༤) ལོར་བོད་ཀྱི་གློག་ཁང་དང་པོ་སྟེ་ལྷ་སའི་བྱང་ངོས་དོག་བདེ་གློག་ཁང་གསར་རྒྱག་གི་ཇུས་འགོད་དང་། ཐིག་ལེན། འཕྲུལ་འཁོར་སྒྲིག་གཤོམ་སོགས་ཁོང་ངོ་མས་བཀོད་ཇུས་གནང་ནས་ས་འབྲུག་ (༡༩༢༨) ལོར་ཆུ་ཤུགས་གློག་ཁང་དངོས་སུ་ལེགས་བསྒྲུབས་ཟིན་ཏེ་སྐྱོན་མེད་ངང་འདོན་ཐུབ་པ་བྱུང་བ་དང་། ཁོང་གིས་བོད་རིགས་གློག་ལས་མཁན་ཡང་གསོ་སྐྱོང་གནང་བ་བཅས་བོད་དུ་གློག་ལ་མཛད་རྗེས་བཞག་གནང་ཡོད། ཁོང་གིས་འབད་བརྩོན་ཆེན་པོས་གློག་འཕྲུལ་གྱི་ཕྱག་ལས་རྒྱུན་མཐུད་གནང་མུར་དེ་སྔའི་བོད་ས་གནས་སྲིད་གཞུང་གི་ལྷ་ས་གཉེར་ཚང་བའི་འགན་འཁུར་ཐོག་དམིགས་བསལ་རིམ་པ་བཞི་པའི་གོ་མིང་ཡང་བྱུང་བ་རེད།
- language:
- Tibetan