- byang chub dge mdzes
- ID:
- T237907
- བྱང་ཆུབ་དགེ་མཛེས (Tibetan, Tibetan script, Original)
- > byang chub dge mdzes (Tibetan, Latin script, Transliteration-THL Extended Wylie Transliteration)
- > changchub gé dzé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
སྣེའུ་ཟུར་པའི་སློབ་མ་བྱང་ཆུབ་དགེ་མཛེས་ནི་རབ་བྱུང་དང་པོའི་ཤིང་བྱི་༡༠༨༤ལོར་མངའ་རིས་སུ་སྐུ་འཁྲུངས། གཞོན་ནུ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། གཞོན་ནུ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བ་བསླབས། གཉགས་ལོ་ཙྰ་བས་པཎྜི་ཏ་སུ་ག་ཤྲཱི་གདན་དྲངས་པའི་ཕྱག་ཕྱིར་ཡར་ལུང་དུ་བྱོན། ལོ་པཎ་ལ་ཤེར་ཕྱིན་བག་ཙམ་མཉན། བཙན་ལ་བྱམས་ཆོས་ཤེས་པར་བསླབས། ཚ་རོང་བ་ལ་འདུལ་བ་བསླབསས། ཕུ་ཆུང་བ། གླང་རི་ཐང་པ། ཀརྨ་པ། ཁམ་པ་ལུང་པ་རྣམས་ལ་ཞལ་མཇལ། ཆོས་སྐྱོང་མགོན་པོ་ཞལ་གཟིགས། ངའི་སོ་སོ་ཐར་པ་ནས་རིག་འཛིན་གྱི་བར་ལ་འགའ་འཁྲུལ་ཡོད་ན་ཁྱེད་ཀྱིས་སྙིང་ཁྲག་ཕྱུང་ཞིག་བྱས་པས། མགོན་པོའི་ཞལ་ནས། དགེ་སློང་གི་དམ་བཅའ་འཇིགས་གསུངས། སྣེའུ་ཟུར་པ་ལ་ཤིན་ཏུ་དད་ནས་ལམ་རིམ་གསན། དགེ་བཤེས་སྒྲེ་པ་སྣེའུ་ཟུར་པ་ལ་རྟོགས་པ་འབུལ་དུ་བྱོན་པའི་ཕྱིར་གཡེར་བྱོན་ནས་ཁོང་གི་བླ་མཆོད་མཛད། སྣེའུ་ཟུར་པ་གཤེགས་རྗེས་བྱ་ཡུལ་བ་ལ་ཆོས་ཚན་ཞིག་ཞུས། བྱེས་ཚན་དགོན་པར་ཐུགས་དམ་མཛད། མཐར་དགུང་ལོ་བརྒྱད་ཅུ་རྩ་བཞི་པ་རབ་བྱུང་གསུམ་པའི་མེ་ཕག་༡༡༦༧ལོར་འཕོ་བ་མཛད་ནས་གཤེགས།
- language:
- Tibetan
2. Thupten Phuntsok Dictionary
སྣེའུ་ཟུར་པའི་སློབ་མ་བྱང་ཆུབ་དགེ་མཛེས་ནི་རབ་བྱུང་དང་པོའི་ཤིང་བྱི (༡༠༨༤) ལོར་མངའ་རིས་སུ་སྐུ་འཁྲུངས། གཞོན་ནུ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བ་བསླབས། གཉགས་ལོ་ཙཱ་བས་པཎྜི་ཏ་སུ་ག་ཏ་ཤྲཱི་གདན་དྲངས་པའི་ཕྱག་ཕྱིར་ཡར་ལུང་དུ་བྱོན། ལོ་པཎ་ལ་ཤེར་ཕྱིན་བག་ཙམ་མཉན། བཙན་ལ་བྱམས་ཆོས་ཤེས་པར་བསླབས། ཚ་རོང་བ་ལ་འདུལ་བ་བསླབས། ཕུ་ཆུང་བ། གླང་རི་ཐང་པ། ཀརྨ་པ། ཁམ་པ་ལུང་པ་རྣམས་ལ་ཞལ་མཇལ། ཆོས་སྐྱོང་མགོན་པོ་ཞལ་གཟིགས། ངའི་སོ་སོ་ཐར་པ་ནས་རིག་འཛིན་གྱི་བར་ལ་འགལ་འཁྲུལ་ཡོད་ན་ཁྱེད་ཀྱིས་སྙིང་ཁྲག་ཕྱུང་ཞིག་བྱས་པས། མགོན་པོའི་ཞལ་ནས། དགེ་སློང་གི་དམ་བཅའ་འཇིགས་གསུངས། སྣེའུ་ཟུར་པ་ལ་ཤིན་ཏུ་དད་ནས་ལམ་རིམ་གསན། དགེ་བཤེས་སྒྲེ་པ་སྣེའུ་ཟུར་པ་ལ་རྟོགས་པ་འབུལ་དུ་བྱོན་པའི་ཕྱིར་གཡེར་བྱོན་ནས་ཁོང་གི་བླ་མཆོད་མཛད། སྣེའུ་ཟུར་པ་གཤེགས་རྗེས་བྱ་ཡུལ་བ་ལ་ཆོས་ཚན་ཞིག་ཞུས། བྱེས་ཚན་དགོན་པར་ཐུགས་དམ་མཛད། མཐར་དགུང་ལོ་བརྒྱད་ཅུ་རྩ་བཞི་པ་རབ་བྱུང་གསུམ་པའི་མེ་ཕག (༡༡༦༧) ལོར་འཕོ་བ་མཛད་ནས་གཤེགས།
- language:
- Tibetan