Skip to main content Skip to search
byang bdag bkra shis stobs rgyal
ID:
T237925
  • བྱང་བདག་བཀྲ་ཤིས་སྟོབས་རྒྱལ (Tibetan, Tibetan script, Original)
    • > byang bdag bkra shis stobs rgyal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jang dak tashi tob gyal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རབ་བྱུང་དགུ་པའི་ལྕགས་བྱི་༡༥༤༠ལོར་སྐུ་བལྟམས། རྗེ་འདི་ཉིད་རྙིང་མའི་བླ་མ་ཞིག་ཡིན། རབ་བྱུང་དགུ་པའི་དུས་འཇུག་ཙམ་ལ་གསང་སྔགས་ཐེག་མཆོག་གླིང་གྲྭ་ཚང་གསར་དུ་བཏབ། རིག་འཛིན་ལེགས་ལྡན་རྗེ་དང། དཀྱིལ་ཁང་པ། དཔལ་སྡིངས་རབ་འབྱམས་པ། བྱ་གཤོངས་པ་གཞུང་རྒྱ་སྨྲ་བ་སོགས་མཁས་པ་མང་པོ་འདུས། སྒྱུ་འཕྲུལ་གསང་བ་སྙིང་པོའི་རྒྱུད་བཤད་གཙོ་བོར་གྱུར་པའི་མདོ་སྔགས་རིག་གནས་དང་བཅས་པའི་བཤད་སྒྲུབ་ཀྱི་བསྟན་པ་གོང་དུ་འཕེལ་བའི་སྐབས་སྡེ་པ་ཞིང་ཤག་ཚེ་བརྟན་རྡོ་རྗེས་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་མཆོག་ལ་འཚེ་སྡང་བྱས་ཏེ་མཐར་ཕུད་པས་དབུས་སུ་བྱོན་དགོས་བྱུང་སྟེ་ཆོས་སྡེ་ཡང་འཇིག་མཐར་དགུང་ལོ་སོ་སོ་དགུ་བཞེས་པ་རབ་བྱུང་བཅུ་པའི་ས་སྟག་༡༥༧༨ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

རབ་བྱུང་དགུ་པའི་ལྕགས་བྱི (༡༥༤༠) ལོར་སྐུ་བལྟམས། རྗེ་འདི་ཉིད་རྙིང་མའི་བླ་མ་ཞིག་ཡིན། རབ་བྱུང་དགུ་པའི་དུས་མཇུག་ཙམ་ལ་གསང་སྔགས་ཐེག་མཆོག་གླིང་གྲྭ་ཚང་གསར་དུ་བཏབ། རིག་འཛིན་ལེགས་ལྡན་རྗེ་དང་། དཀྱིལ་ཁང་། དཔལ་སྡིངས་རབ་འབྱམས་པ། བྱ་གཤོངས་པ་གཞུང་བརྒྱ་སྨྲ་བ་སོགས་མཁས་པ་ཆེན་པོ་འདུས། སྒྱུ་འཕྲུལ་གསང་བ་སྙིང་པོའི་རྒྱུད་བཤད་གཙོ་བོར་གྱུར་པའི་མདོ་སྔགས་རིག་གནས་དང་བཅས་པའི་བཤད་སྒྲུབ་ཀྱི་བསྟན་པ་གོང་དུ་འཕེལ་བའི་སྐབས་སྡེ་པ་ཞིང་ཤག་ཚེ་བརྟན་རྡོ་རྗེས་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་མཆོག་ལ་འཚེ་སྡང་བྱས་ཏེ་མཐར་ཕུད་པས་དབུས་སུ་བྱོན་དགོས་བྱུང་སྟེ་ཆོས་སྡེ་ཡང་འཇིག་མཐར་དགུང་ལོ་སོ་དགུ་བཞེས་པ་རབ་བྱུང་བཅུ་པའི་ས་སྟག (༡༥༧༨) ལོར་སྐུ་གཤེགས།

language:
Tibetan