Skip to main content Skip to search
byang bdag rnam rgyal grags bzang
ID:
T237926
  • བྱང་བདག་རྣམ་རྒྱལ་གྲགས་བཟང (Tibetan, Tibetan script, Original)
    • > byang bdag rnam rgyal grags bzang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jang dak namgyal drak zang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྗེ་འདི་ཉིད་གཙང་ངམ་རིང་གི་རྒྱལ་སྡེ་ཆེན་པོར་ཡབ་ཆོས་གྲགས་དཔལ་བཟང་དང་ཡུམ་འབུམ་སྐྱོང་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཤིང་ཕག་༡༣༩༥ལོར་སྐུ་འཁྲུངས། དགུང་ལོ་བཞི་ལྔ་ནས་ཡི་གེ་འབྲི་ཀློག་སྦྱངས་པས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུའི་ཐོག་པཎ་ཆེན་ནགས་ཀྱི་རིན་ཆེན་དང་། བོ་དོང་ཕྱོགས་ལས་རྣམ་རྒྱལ། ལྔ་པ་དཔལ་འབྱོར་ཤེས་རབ། སེང་གེ་རྒྱལ་མཚན། རིན་ཆེན་དཔལ་བཟང་། རྒྱ་གར་རྡོ་རྗེ་གདན་གྱི་མཁན་ཆེན་ཤཱ་རི་ཕུ་ཧྲ་སོགས་མཁས་དབང་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་དང་ཁྱད་པར་འཆི་མེད་འཁྲུལ་འཁོར་དང་གའུ་གདམས་པའི་རླུང་སྦྱོར་སོགས་གསོ་བ་རིག་པ་དང་དཔལ་དུས་ཀྱི་འཁོར་ལོའི་སྐོར་སོགས་ལ་སྦྱང་བརྩོན་དཔྱིས་ཕྱིན་པར་མཛད། མཁས་པའི་དབུས་ན་སྨན་རྩིས་ལ་བྱང་ཆུབ་པའི་སྙན་གྲགས་ཕྱོགས་བཞིར་ཁྱབ། ཧོར་བཀའ་བཞི་པ་སེང་གེ་རྒྱལ་མཚན་ལ་དགེ་བསྙེན་གྱི་སྡོམ་པ་ཞུས་པས་མཚན་ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་དུ་གསོལ། མཁས་དབང་འདི་ཉིད་ཀྱིས་སྨན་གྱི་གཞུང་ལུགས་དང་ཉམས་ལེན་ཟུང་དུ་སྦྲེལ་རྒྱུར་ཐུགས་བརྩོན་ཆེན་པོ་མཛད། སྨན་གྱི་དྲི་རོ་ནུས་པའི་སྐོར་ལ་ཕྱག་ལེན་དངོས་ཀྱི་ནང་བརྟག་ཞིབ་གནང་སྟེ་དཔལ་ལྡན་རྒྱུད་བཞིའི་གཞུང་ལུགས་ཀྱི་ཐོག བོད་བྱང་ཕྱོགས་ཀྱི་ས་བབས་དང། གནམ་གཤིས། མི་རྣམས་ཀྱི་འཚོ་བའི་གོམས་གཤིས་སོགས་ལ་ཉམས་ལེན་མཛད་དེ་སྨན་བཅོས་གནང་བའི་མྱོང་བ་ཕྱོགས་བསྡོམས་དང་འབྲེལ་སྔར་བས་ཞིབ་ཆ་ཆེ་བའི་རྒྱུད་བཞིའི་འགྲེལ་པ་གསར་རྩོམ་དང། སྨན་སྦྱོར་གསར་བཟོ། སྨན་རྫས་ཀྱི་ངོས་འཛིན་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་བརྟེན་ནས་བྱང་ལུགས་ཀྱི་སྲོལ་ཕྱེས། རྗེ་འདི་ཉིད་ཀྱིས་བོ་དོང་ཕྱོགས་ལས་རྣམ་རྒྱལ་རང་གི་རྩ་བའི་བླ་མར་བསྟེན་ནས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་གསན། ཕྱིས་བོ་དོང་ཆེན་པོའི་གསུང་འབུམ་པོད་བརྒྱ་ཕྲག་བརྒལ་བ་དངོས་སུ་བཞུགས་པ་ནི་བྱང་བདག་ཆེན་པོ་འདི་ཉིད་ཀྱི་བྱམས་ཆེན་སྐུ་ཚད་ཤིན་ཏུ་ཆེ་བ་ཞིག་བཞེངས་པ་དང་། གཙུག་ལག་ཁང་གི་རྨང་བཏིང་། དགུང་གྲངས་བཞི་བཅུ་ཐམ་པར་དངུལ་ལས་གྲུབ་པའི་དཔལ་དུས་ཀྱི་འཁོར་ལོའི་བློས་བསླངས་དཀྱིལ་འཁོར་རང་ལུགས་ཇི་ལྟ་བ་བཞིན་དུ་ཐུགས་གསུང་སྐུའི་དཀྱིལ་འཁོར་དག་ཀྱང་རྒྱ་ཆེར་རོལ་པའི་མདོའི་ནང་གསལ་བའི་བཅོམ་ལྡན་འདས་ཡིམ་གྱི་ལྷུམས་སུ་བཞུགས་པ་དང་རྗེས་སུ་མཐུན་པའི་བཀོད་པས་ཁྱད་པར་འཕགགས་པ་གསར་དུ་བཞེངས་ཏེ་ངམ་རིང་གི་ཕོ་བྲང་ལ་བཞུགས་སུ་གསོལ། གསུང་རྩོམ་ཡང་ནང་རིག་པའི་སྐོར་བསྟོད་ཚོགས་དང་། སྒྲུབ་དཀྱིལ། རྟོགས་བརྗོད་གཞུང་འགྲེལ་སོགས་ཁྱོན་བསྡོམས་ལེ་ཚན་བརྒྱ་དང་གསུམ་བཞུགས་པ་དང་། དེ་བཞིན་སྒྲ་རིག་པ། བཟོ་རིག་པ། སྐར་རྩིས་རིག་པ་སོགས་དང་། ཁྱད་པར་དུ་གསོ་བ་རིག་པའི་སྐོར་ལ《ཡན་ལག་བརྒྱད་པ་ཐམ་ཅད་ཀྱི་སྙིང་པོ་བསྡུས་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ》བྱ་བའི་བསྟན་བཅོས་ལེའུ་བརྒྱ་དང་ཉི་ཤུ་ཡོད་པ་ཞིག་དང་། 《རྩ་བའི་རྒྱུད་ཀྱི་བཤད་པ་རྒྱུད་དོན་གསལ་བྱེད་སྒྲོན་མེ》 《བཤད་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་བདུད་རྩི་ཆུ་རྒྱུན》 《ཊཱི་ཀ་ཆུང་དོན་གསལ》 《ཕྱི་རྒྱུད་ཀྱི་དཀའ་འགྲེལ་དགོས་འདོད་འབྱུང་བ》 《སྨན་གཞུང་རིན་ཆེན་སྒྲོམ་བུ》 《རྒྱུད་བཞིའི་དཀའ་འཕྲང་མུན་སེལ》 《གསོ་ཐབས་སུམ་བརྒྱ་དྲུག་ཅུའི་ངོས་འཛིན》 《རྩ་བཤད་གསལ་བའི་སྒྲོན་མེ》 《རྩིས་ཀྱི་བསྟན་བཅོས་བྱིས་པ་བདེ་འཇུག》 《གྲུབ་རྩིས་ཆེན་མོ》 《གསལ་བྱེད་ཡིད་བཞིན་ནོར་བུའི་ཕྲེང་བ》 《གཟའ་འཛིན་བརྟག་པ་དགའ་བའི་གནམ་ཤིན་ཏུ་རྒྱས་པར་བཤད་པ》ལ་སོགས་བསྟན་བཅོས་མང་པོ་གསར་རྩོམ་གནང་། ཐུགས་སྲས་མི་ཡི་ཉི་མ་མཐོང་བ་དོན་ལྡན་སོགས་སློབ་རྒྱུད་མང་དུ་བསྐྱངས། ཐུན་མོང་མ་ཡིན་པའི་བྱང་ལུགས་ཀྱི་ཁྱད་ཆོས་རྣམས་རིམ་བཞིན་བོད་ཁམས་ཡོངས་ལ་དར་འཕེལ་བྱུང་བ་སོགས་ཕྱག་རྗེས་རླབས་ཆེན་འཇོག་གནང་མཛད་མཐར་དགུང་ལོ་བརྒྱད་ཅུ་གྱ་གཅིག་པ་རབ་བྱུང་བརྒྱད་པའི་ཤིང་ལུག་༡༤༧༥ལོར་སྐུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

རྗེ་འདི་ཉིད་གཙང་ངམ་རིང་གི་རྒྱལ་སྡེ་ཆེན་པོར་ཡབ་ཆོས་གྲགས་དཔལ་བཟང་དང་ཡུམ་འབུམ་སྐྱོང་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཤིང་ཕག (༡༣༩༥) ལོར་སྐུ་འཁྲུངས། དགུང་ལོ་བཞི་ལྔ་ནས་ཡི་གེ་འབྲི་ཀློག་སྦྱངས་པས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུའི་ཐོག་པཎ་ཆེན་ནགས་ཀྱི་རིན་ཆེན་དང་། བོ་དོང་ཕྱོགས་ལས་རྣམ་རྒྱལ། ལྔ་པ་དཔལ་འབྱོར་ཤེས་རབ། སེང་གེ་རྒྱལ་མཚན། རིན་ཆེན་དཔལ་བཟང་། རྒྱ་གར་རྡོ་རྗེ་གདན་གྱི་མཁན་ཆེན་ཤཱ་རི་ཕུ་ཏྲ་སོགས་མཁས་དབང་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་དང་ཁྱད་པར་འཆི་མེད་འཁྲུལ་འཁོར་དང་གའུ་གདམས་པའི་རླུང་སྦྱོར་སོགས་གསོ་བ་རིག་པ་དང་དཔལ་དུས་ཀྱི་འཁོར་ལོའི་སྐོར་སོགས་ལ་སྦྱང་བརྩོན་དཔྱིས་ཕྱིན་པར་མཛད། གསུང་རྩོམ་ཡང་ནང་རིག་པའི་སྐོར་བསྟོད་ཚོགས་དང་། སྒྲུབ་དཀྱིལ། རྟོགས་བརྗོད་གཞུང་འགྲེལ་སོགས་ཁྱོན་བསྡོམས་ལེ་ཚན་བརྒྱ་དང་གསུམ་བཞུགས་པ་དང་། དེ་བཞིན་སྒྲ་རིག་པ། བཟོ་རིག་པ། སྐར་རྩིས་སོགས་དང་། ཁྱད་པར་དུ་གསོ་བ་རིག་པའི་སྐོར་ལ་ཡན་ལག་བརྒྱད་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ་བྱ་བའི་བསྟན་བཅོས་ལེའུ་བརྒྱ་དང་ཉི་ཤུ་ཡོད་པ་ཞིག་དང་། རྩ་བའི་རྒྱུད་ཀྱི་བཤད་པ་རྒྱུད་དོན་གསལ་བྱེད་སྒྲོན་མེ། བཤད་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་བདུད་རྩི་ཆུ་རྒྱུན། ཊཱིཀ་ཆུང་དོན་གསལ། ཕྱི་རྒྱུད་ཀྱི་དཀའ་འགྲེལ་དགོས་འདོད་འབྱུང་བ། སྨན་གཞུང་རིན་ཆེན་སྒྲོམ་བུ། རྒྱུད་བཞིའི་དཀའ་འཕྲང་མུན་སེལ། གསོ་ཐབས་སུམ་བརྒྱ་དྲུག་ཅུའི་ངོས་འཛིན། རྩ་བཤད་གསལ་བའི་སྒྲོན་མེ། རྩིས་ཀྱི་བསྟན་བཅོས་བྱིས་པ་བདེ་འཇུག གྲུབ་རྩིས་ཆེན་མོ། གསལ་བྱེད་ཡིད་བཞིན་ནོར་བུའི་ཕྲེང་བ། གཟའ་འཛིན་བརྟག་པ་དཀའ་བའི་གནས་ཤིན་ཏུ་རྒྱས་པར་བཤད་པ་ལ་སོགས་བསྟན་བཅོས་མང་པོ་གསར་རྩོམ་གནང་། ཐུགས་སྲས་མི་ཡི་ཉི་མ་མཐོང་བ་དོན་ལྡན་སོགས་སློབ་རྒྱུད་མང་དུ་བསྐྱངས། ཐུན་མོང་མ་ཡིན་པའི་བྱང་ལུགས་ཀྱི་ཁྱད་ཆོས་རྣམས་རིམ་བཞིན་བོད་ཁམས་ཡོངས་ལ་དར་འཕེལ་བྱུང་བ་སོགས་ཕྱག་རྗེས་རླབས་ཆེན་འཇོག་གནང་མཛད་མཐར་དགུང་ལོ་བརྒྱད་ཅུ་གྱ་གཅིག་པ་རབ་བྱུང་བརྒྱད་པའི་ཤིང་ལུག (༡༤༧༥) ལོར་སྐུ་གཤེགས།

language:
Tibetan